དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

    རིམ་རྩིས་བརྒྱབ་ན་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་250ཁག་གསུམ་ལ་ཕྱེ་ནས་མིང་བཏགས་པ་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“བཟང་པོ་བཞི་ལྡན”གྱི་ཏང་ཡོན་199ཁག་གཉིས་ལ་ཕྱེ་ནས་དཔྱད་འདེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-04

    ཟླ་7ཚེས་30ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 2026ལོའི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཏོན་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ལག་ལེན་གྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ཡང་ཡང་བསྡུར་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཆེད་མངགས་མཆན་བཀོད་མཛུབ་སྟོན་གནང་སྟེ་དཔེ་བཟང་གི་ཆབ་སྲིད་ལས་ཁུངས་དང་། དཔེ་བཟང་གི་ཞབས་ཞུའི་ལས་ཁུངས། དཔེ་བཟང་གི་ནུས་ཕྱོད་ལས་ཁུངས། དཔེ་བཟང་གི་སྤྱོད་གཙང་ལས་ཁུངས། དཔེ་བཟང་གི་འགན་འཁྲིའི་ལས་ཁུངས་བཅས་འཛུགས་སྐྱོང་གི་དམིགས་ཚད་དང་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “དཔེ་བཟང་ལས་ཁུངས་ལྔ”འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ། “འདུ་འགོད་ཆེན་པོ་ལྔ”ལག་ལེན་བསྟར་བ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ལ་བརྟེན་ནས་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    ཆབ་སྲིད་ལ་བརྟེན་ནས་བླ་སྲོག་གཏོད་པའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་དཔེ་བཟང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་སློབ་གསོ་རྒྱུན་མཐུད་ཟབ་ཏུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། “གྲོས་གཞི་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ་རེད།

    རྨང་བརྟན་དམངས་ཕན་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་དཔེ་བཟང་གི་ཞབས་ཞུའི་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན“མཉམ་དུ་ཇུས་འགོད་དང་། མཉམ་དུ་འགན་འཁྲི་འཁུར་བ། མཉམ་དུ་དཔྱད་ཞིབ”བཅས་ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས། ཏང་འཛུགས་སྐྱོང་དང་ལས་སྒོ་གོམ་སྟབས་གཅིག་གྱུར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དང་“འབྱོར་ཐོ་གཉིས་བཀོད”སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད།

    སྤུས་འབྲས་ལེགས་གཉེར་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་དཔེ་བཟང་གི་ནུས་ཕྱོད་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ལ་སྣང་ཆེན་དང་། གྲུབ་འབྲས་དངོས་ལ་སྣང་ཆེན། དོན་འཁྱོལ་ལ་སྣང་ཆེན་བཅས་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཡོད།

    སྒྲིག་ཁྲིམས་ལ་བརྟེན་ནས་འགན་ལེན་བྱེད་པའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་དཔེ་བཟང་གི་སྤྱོད་གཙང་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་རྒྱུན་རྣམ་ཅན་གྱི་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་དུ་ནས་ཉེན་ཟོན་སློབ་གསོ་གཏོང་བ། དབང་ཆའི་ལྟ་སྐུལ་མ་ལག་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་སྒྲིག་སྒྱུར་གྱི“རྣམ་པ་བཞི”གནད་སྨིན་སྤྱོད་པ་བཅས་བྱས་ནས། ལས་ཁུངས་ཀྱི་སྤྱོད་གཙང་འགོག་རགས་བརྟན་དུ་བཏང་ཡོད།

    འགན་འཁྲི་གཙང་སྒྲུབ་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་དཔེ་བཟང་གི་འགན་འཁྲིའི་ལས་ཁུངས་འཛུགས་སྐྱོང་བྱས་ཤིང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི“རིམ་གསུམ་གནས་ལྔའི”འགན་འཁྲི་ནན་དུ་གཏོང་བ་དང་། འགན་འཁྲིའི་གསལ་ཐོ་ཞིབ་ཚགས་སུ་བཏང་ནས་འགན་འཁྲི་ཁ་གསལ་དང་། འགན་སྒྲུབ་དམིགས་སར་འབྱོར་བ། ལྟ་སྐུལ་ནུས་ལྡན། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གནད་སྨིན་བཅས་ཀྱི་ཆ་ལག་ཚང་བའི་འགན་འཁྲིའི་མ་ལག་བཙུགས་ཏེ་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་པ་རེད།

    དཔེ་བཟང་གི་ལས་ཁུངས་འཛུགས་སྐྱོང་དང་། “སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་སྐྱོང་། “བཟང་པོ་བཞི་ལྡན”གྱི་ཏང་ཡོན་འདེམས་པ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་བས། ལས་ཁུངས་ཀྱིས་དཔེ་བཟང་གཏོད་པ་དང་། ཀྲི་པུའུ་ཡིས“སྟོབས་ཆེན་བཞི”གཏོད་པ། ཏང་ཡོན་གྱིས“བཟང་པོ་བཞི་ལྡན”བརྩོན་ལེན་བཅས་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་250ཁག་གསུམ་ལ་ཕྱེ་ནས“སྟོབས་ཆེན་བཞིའི”མིང་བཏགས་པ་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“བཟང་པོ་བཞི་ལྡན”གྱི་ཏང་ཡོན་199ཁག་གཉིས་ལ་ཕྱེ་ནས་དཔྱད་འདེམས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།