གཟའ་འཁོར་འདིའི་ནང་ཆར་ཞོད་ཆེན་པོ་འདུག
ཟླ་8ཚེས་2ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་དུས་དཀྱིལ་གྱི་གནམ་གཤིས་སྔོན་བརྡ་བཏང་ཞིང་། མ་འོངས་ཉིན་བཅུའི(ཟླ་8ཚེས་3ནས་12ཉིན་བར)རིང་རང་ལྗོངས་སུ་ཆར་ཞོད་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་དང་། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ། ལྷ་ས་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ལྷོ་རྒྱུད་ཀྱི་ས་བབ་མཐོ་སར་ཆར་པ་ཆེན་པོའམ་དྲག་ཆར་འབབ་རྒྱུ། དེའི་རིང་ནག་ཆུ་དང་། ཆབ་མདོ། གཞིས་རྩེ། ལྷ་ས། ལྷོ་ཁ་སོགས་སུ་ཉིན་དགུང་ཡོལ་རྗེས་དུས་ཐུང་གི་དྲག་ཆར་དང་འབྲུག་ཆར་འབབ་པ་དང་། ལྷགས་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ་སོགས་ཀྱི་གནམ་གཤིས་བསྟན་རྒྱུ་རེད།
|གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་8ཚེས་3དང་4ཉིན། ཉིང་ཁྲི་དང་། གཞིས་རྩེ། ལྷ་ས། ལྷོ་ཁ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། དེའི་རིང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེན་པོའམ་དྲག་ཆར་འབབ་རྒྱུ། ཆབ་མདོའི་ལྷོ་རྒྱུད་དང་། མངའ་རིས། ནག་ཆུ་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་འཐིབས་ནས་ཐོལ་ཆར་འབབ་རྒྱུ།
ཟླ་8ཚེས་5ནས་9ཉིན་བར། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་རིང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེན་པོའམ་དྲག་ཆར་འབབ་རྒྱུ། མངའ་རིས་དང་ཆབ་མདོའི་ལྷོ་རྒྱུད་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།
ཟླ་8ཚེས་10ནས་12ཉིན་བར། ཉིང་ཁྲིའི་ལྷོ་རྒྱུད་དང་། གཞིས་རྩེ། ལྷོ་ཁའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ལྷ་ས་དང་ལྷོ་ཁའི་དབུས་ཤར་རྒྱུད་དང་ནུབ་རྒྱུད་དུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།
འབྲེལ་ཡོད་གསར་འགྱུར།