ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་24.2%འཕར་བ།
གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་36848ཟིན་པ་དེ་དུས་མཚུངས་ལས་24.2%འཕར་ཡོད་པ་རེད།
ཟླ་6པར། རྒྱལ་ཡོངས་ཀྱི་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6275ཟིན་པ་དེ་དུས་མཚུངས་ལས་20.8%འཕར་ཞིང་། ཉོ་ཚོང་གི་ཁྱབ་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་དུ་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4774 ཟིན་པ་དེ་དུས་མཚུངས་ལས་24.1%འཕར་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་ནས་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1501ཟིན་པ་དེ་དུས་མཚུངས་ལས་11.3%འཕར་ཡོད། ཉོ་ཚོང་གི་སྣ་ཁ་ནས་བལྟས་ན། དུས་ཡུན་རིང་འབྲིང་གི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5774ཟིན་པ་དང་། ལག་ཡོད་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་501ཟིན་ཡོད། ལྗང་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་275ཟིན་པ་དེ་དུས་མཚུངས་ལས་15.0%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།