དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་མདོག་ལྡན་ལྕགས་རིགས་རིགས་བཅུའི་སྤྱིའི་ཐོན་འབོར་དུས་མཚུངས་ལས་3.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-03

     གསར་འགོད་པར་ཀྲུང་གོ་མདོག་ལྡན་ལྕགས་རིགས་བཟོ་ལས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་མདོག་ལྡན་ལྕགས་རིགས་ཁེ་ལས་ཀྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་0.3%འཕར་བ་དང་། མདོག་ལྡན་ལྕགས་རིགས་རིགས་བཅུའི་སྤྱིའི་ཐོན་འབོར་ཏུན་ཁྲི་4151.3ཟིན་པ་དེ་དུས་མཚུངས་ལས་3.3%འཕར་ཡོད། ལས་རིགས་ཀྱི་ཐོན་སྐྱེད་བརྟན་པོ་འཕར་བ་དང་། གཉེར་སྐྱོང་ཡོང་འབབ་ཀྱི་ཕན་འབྲས་དུས་མཚུངས་ལས་ཆེས་ཆེར་འཕར་བ། ལས་རིགས་ཧྲིལ་པོའི་འཕེལ་ཕྱོགས་ལེགས་པ་བཅས་བྱུང་ཡོད།

    ཐོན་སྐྱེད་བརྟན་པོ་འཕར་ཞིང་། ཟླ་དང་པོ་ནས་དྲུག་པའི་བར། སྲོལ་རྒྱུན་གྱི་ཕོན་ཆེའི་ལྕགས་རིགས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་བརྟན་པོའི་ཁྲོད་འཕར་བ་དང་དེའི་ནང་ཞིབ་སྦྱངས་ཟངས་ཀྱི་ཐོན་འབོར་ཏུན་ཁྲི་760.8ཟིན་པ་དེ་དུས་མཚུངས་ལས་5.2%འཕར་བ་དང་། དབྱང་འགྱུར་ཧ་ཡང་ཏུན་ཁྲི་4577.2ཟིན་པ་དེ་དུས་མཚུངས་ལས་3.3%འཕར་བ། མ་བཅོས་ཧ་ཡང་ཏུན་ཁྲི་2318.7ཟིན་པ་དེ་དུས་མཚུངས་ལས་3.8%འཕར་ཡོད། ནུས་རྒྱུ་གསར་པའི་འགག་རྩའི་ལྕགས་རིགས་ཐཱན་སྐྱུར་ལིའི་ཐོན་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཐོན་འབོར་ཏུན་ཁྲི་56.3ཟིན་པ་དེ་དུས་མཚུངས་ལས་33.9%འཕར་ཡོད།

    ལས་རིགས་ཀྱི་ཁེ་སྤོགས་རྒྱུན་མཐུད་འཕར་ཞིང་། ཟླ་དང་པོ་ནས་དྲུག་པའི་བར། གཞི་ཁྱོན་ཡན་གྱི་མདོག་ལྡན་ལྕགས་རིགས་ཁེ་ལས་12362ཀྱི་ལས་གཉེར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་57696.8ཟིན་པ་དེ་དུས་མཚུངས་ལས་21.7%འཕར་བ་དང་། ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་4183.9ཟིན་པ་དེ་དུས་མཚུངས་ལས་94.0%འཕར་བ། ཁེ་སྤོགས་འཕར་ཚད་ཀྱིས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་དངུལ་འབོར་འཕར་ཚད་ཀྱི་32.6%ཟིན་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་སྤོགས་དངུལ་འབོར་གྱི་བརྒྱ་ཆའི་གྲངས་6.1འཕར་བར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།