དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་ཡིས།

    ​དམག་ཞབས་ཐིམ་པའི་དམག་མི་དང་དམག་མི་དང་དམག་མིའི་ནང་མིའི་ཁྱིམ་ཚང་ལ་རོགས་སྐྱོབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-03

    བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་ཡིས་ཁྲིམས་འཛིན་རོགས་སྐྱོབ་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པའི་དཔེ་མཚོན་མཉམ་དུ་བཀྲམ་ཞིང་། དེའི་དམིགས་ཡུལ་ནི“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་དང་། ཞིབ་དཔྱོད་ལས་ཁུངས་དང་དམག་ཞབས་ཐིམ་པའི་དམགས་མིའི་ལས་དོན་སྡེ་ཚན་གྱིས་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ཁྲོད་དུ་མཉམ་འགུལ་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། དམག་ཞབས་ཐིམ་པའི་དམག་མི་དང་དམག་མི། དམག་མིའི་ནང་མིའི་ཁྱིམ་ཚང་ལ་རོགས་སྐྱོབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།

    རོགས་སྐྱོབ་བྱ་ཡུལ་ཐད། དཔེ་མཚོན་དེ་དམག་ཞབས་ཐིམ་པའི་དམག་མི་རང་ཉིད་དང་དེའི་ནང་མི་དང་། དངོས་ཞབས་དམག་མིའི་ནང་མི་སོགས་ཀྱི་ཚོགས་སྤྱི་ཡོངས་ལ་ཁྱབ་ཡོད་པ་དང་། དེའི་ཁྲོད་དུ་བདེན་པའི་རྒྱབ་ལངས་བྱས་པས་གནོད་འཚེ་དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་དམག་ཞབས་ཐིམ་པའི་དམག་མི་ཡོད་ལ། གྱོད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་དམག་ཞབས་ཐིམ་པའི་དམག་མིའི་ནང་མི་དང་ན་སོ་དར་ལ་མ་བབས་པའི་ཕྲུ་གུའང་ཡོད། རོགས་སྐྱོབ་བྱེད་སྟངས་ཐད། ཞིབ་དཔྱོད་ལས་ཁུངས་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་སོ་སོའི་དགེ་མཚན་གང་ལེགས་བཏོན་ཏེ། ཁྲིམས་འཛིན་རོགས་སྐྱོབ་ཀྱི“ཐོགས་མེད་བགྲོད་ལམ”བཏོད་ནས། སྔོན་ཐོབ་དང་དུས་ཐོག་ཏུ་རོགས་སྐྱོབ་དངུལ་གཤམ་སྤྲོད་བྱེད་པ་དང་འབྲེལ། སྣེ་མང་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས། ཁྲིམས་འཛིན་རོགས་སྐྱོབ་དང་ཕུགས་ཕན་རོགས་སྐྱོར་སྦྲེལ་མཐུད་འཚམ་པོ་ཡོང་བར་བྱས་ཡོད། མཉམ་འགུལ་བྱ་ཐབས་ཐད། ཞིབ་དཔྱོད་ལས་ཁུངས་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་ཆ་འཕྲིན་མཉམ་སྤྱོད་དང་ཁུངས་སྣེ་ཕྱོགས་ཟུང་རྩིས་སྤྲོད། མཉམ་ལས་རོགས་སྐྱོབ། མཉམ་འབྲེལ་འཚམས་ལན་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་བཏོད་ནས། སྡེ་ཚན་སྒྲོལ་བའི་རོགས་སྐྱོར་དཀའ་གནད་ཡོངས་སུ་བསལ་ཏེ། “ཁྲིམས་འཛིན་གྱིས་གཙོ་ཁྲིད་དང་། སྲིད་འཛིན་གྱིས་མཉམ་སྒྲུབ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་རོགས་སྐྱོབ་རྣམ་པ་ཆགས་པར་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།