དབུ་ཤོག>གསར་འགྱུར།
  • བོད་ཀྱིས“སྤུས་ཚད་དང་རིན་གོང་འཚམ་པའི”སྡེ་ལས་གྲོན་དངུལ་ལ་མཉམ་དུ་དོ་དམ་བྱེད་པའི་ཚོད་ལྟ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-03

     ཉེ་ཆར། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་མཉམ་དུ《“སྤུས་ཚད་དང་རིན་གོང་འཚམ་པའི”སྡེ་ལས་གྲོན་དངུལ་ལ་མཉམ་དུ་དོ་དམ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྡེ་ལས་ཞབས་ཞུའི་རྣམ་པ་གསར་པ་ཁྱབ་གདལ་གཏོང་བའི་ཚོད་ལྟའི་ཇུས་གཞི》བཀྲམ་སྟེ། རང་སྐྱོང་ལྗོངས་ཀྱི་སྡེ་ལས་ཞབས་ཞུའི་ཁྱབ་ཁོངས་ཀྱི“སྤུས་ཚད་དང་རིན་གོང་མི་འཚམ་པ་དང་། གྲོན་བསྡུ་ཡོངས་བསྒྲགས་མེད་པ། འགལ་ཟླ་ཐོན་མང་བ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

    ས་ཁུལ་ཁག་གིས་དབྱེ་བཤེར་དང་འོས་སྦྱོར་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཏུང་ཅུན་ཝུན་ཧྭ་གཟིམ་ཤག་ཁུལ་ཆུང་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྐྱིད་འཕེལ་སྡེ་ཁུལ་གཞུང་རྩེ་རི་ཁུལ་ཆུང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བདེ་སྐྱིད་ཁུལ་ཆུང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་མེ་ཏོག་ལྡུམ་རའི་ཁུལ་ཆུང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྟག་མ་ལ་མེ་ཏོག་ལྡུམ་ར་བཅས་ཚོད་ལྟའི་ཁུལ་ཆུང་དུ་གཏན་འཁེལ་བྱས་ཡོད། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚོད་ལྟའི་ལས་དོན་དུས་བསྟུན་ཁྱབ་གདལ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།