དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་འགྲན་བསྡུར་ཐོག་མ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-03

    ཟླ་8ཚེས་1ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་སྒྲོམ་སྟེགས་སྤོ་ལོའི་རྣམ་གྲངས་ཀྱི་འགྲན་བསྡུར་གཞིས་རྩེ་གྲོང་ཁྱེར་གྱི་ཧྲེ་ཡིའུ་སྒྲོམ་སྟེགས་སྤོ་ལོའི་སྤྲོ་སྐྱིད་ཁང་དུ་འགོ་ཚུགས་པ་རེད།

    སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སྒྲོམ་སྟེགས་སྤོ་ལོའི་རྣམ་གྲངས་ཀྱི་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོའི་མི་སྒེར་གྱི་འགྲན་བསྡུར་དང་སི་ནུའོ་ཁེ་མི་སྒེར་གྱི་འགྲན་བསྡུར་གཉིས་ལ་གསེར་གྱི་རྟགས་མ་གཉིས་སྤྲོད་རྒྱུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ནས་ཡོང་བའི་ལུས་རྩལ་པ་31འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    འགྲན་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་8ཚེས་1ནས་ཚེས་3ཉིན་བར་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོ་འགྲན་བསྡུར་བྱ་རྒྱུ་དང་། ཚེས་3ཉིན་གྱི་ཕྱི་དྲོར་མཐའ་བསྡུར་བྱས་ནས་རྒྱལ་ཁ་ཐོབ་མཁན་ལ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་སྤྲོད་རྒྱུ་རེད། ཟླ་8ཚེས་4ནས་ཚེས་8ཉིན་བར་སི་ནུའོ་ཁེ་འགྲན་བསྡུར་བྱ་རྒྱུ་དང་ཚེས་8ཉིན་གྱི་ཕྱི་དྲོར་མཐའ་བསྡུར་བྱ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།