ཝུ་ཀན་ཏའི་ཀོག་ཧྥེ་ཕྱིར་ཚོང་བྱེད་ཚད་བརྟན་པོ་འཕར་བ།

འདི་ནི་ཝུ་ཀན་ཏའི་ཀོག་ཧྥེ་འཕེལ་རྒྱས་ཅུས་ཀྱི་ལས་དོན་པས་ས་གནས་དེ་གའི་ཁྱད་ལྡན་ཀོག་ཧྥེའི་སྣ་ཁ་སྟོན་བཞིན་པ།

འདི་ནི་ས་གནས་དེ་གའི་ཀོག་ཧྥེ་ཞིང་རའི་ལས་མིས་ཀོག་ཧྥེའི་འབྲས་བུ་སྟོན་བཞིན་པ།

འདི་ནི་ཝུ་ཀན་ཏའི་ནུབ་རྒྱུད་ཀྱི་ཀོག་ཧྥེའི་བརྗོད་དོན་གཙོ་བོར་བྱས་པའི་སྐྱེ་ཁམས་མགྲོན་ཁང་དང་པོ་ཁེ་ལ་ཁེ་ཞིང་རར་རྒྱུན་མཐུད་ཆོག་པའི་ཞིང་ལས་ཡུལ་སྐོར་གཙོ་བོར་གཉེར་བ།
ཝུ་ཀན་ཏའི་ཞིང་ལས་ཕྱུགས་ལས་ཉ་ལས་པུའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོའི་ཟླ་6པ་ནས་2026ལོའི་ཟླ་5པའི་བར་གྱི་ཟླ་བ་12ཀྱི་རིང་། ཝུ་ཀན་ཏའི་ཀོག་ཧྥེ་ཕྱིར་གཏོང་བསྡོམས་འབོར་ཁུག་མ་ཁྲི་860ཟིན་ནས་དུས་མཚུངས་ལས་16%འཕར་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཝུ་ཀན་ཏ་སྲིད་གཞུང་གིས་མཉམ་ལས་ཁང་གི་རྣམ་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་སྤྱིའི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་དུས་མཚུངས་ཀོག་ཧྥེ་འདེབས་འཛུགས་ར་བ་དེ་དབྱིངས་ཞུགས་རྣམ་པའི་ཉམས་ལེན་བྱ་ཡུལ་དུ་བསྐྲུན་པས་ཡུལ་སྐོར་བ་ཚོས་ཀོག་ཧྥེའི་འབྲས་བུ་འཐོག་པ་དང་སྲོ་སྐམ་གཏོང་བ་སོགས་བྱེད་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།