དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས“ལྗང་མདོག་ལྕགས་རི་རིང་པོ”བསྐྲུན་ནས་ཐང་རྒོད་རྒྱ་ཆུང་དུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-03


    འདི་ནི་ཟླ་4ཚེས་10ཉིན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ཡིང་ཧྲུའེ་ཆའོ་གྲོང་རྡལ་ཧེ་ལིན་གྲོང་ཚོར་བྱེ་བཅོས་བཟོ་པས་འཕྲུལ་ཆས་ལ་བརྟེན་ནས་རྩྭ་བཟོས་ལིང་ཚེ་བཟོ་བཞིན་པ།

    རྩྭ་བཟོས་ལིང་ཚེའི་བྱེ་ཡོལ་ཞེས་པའི་བྱེ་བཅོས་བཟོ་རྩལ་འདི་བཀོལ་སྤྱོད་སྟབས་བདེ་ལ་རྒྱ་ཆེ་ཞིང་། སོག་མའི་དྲ་མིག་གིས་བྱེ་འབུར་གཏན་འཇགས་དང་བྱེ་རླུང་འགོག་ཐུབ་པ་མ་ཟད། ཆུ་འདྲེན་མ་ལག་ནས་ཆུ་བཏང་ཚེ་སྡོང་ཕྲུག་གསོན་ཐུབ་ཀྱི་ཡོད། ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དུ་བསྐྲུན་པའི་རྩྭ་བཟོས་ལིང་ཚེའི་བྱེ་ཡོལ་དེ་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཀྲུང་གོའི་བྱེ་བཅོས་འདུ་འགོད་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་པ་ཞིག་ཏུ་གྱུར་པ་དང་། “བྱང་གསུམ”འགོག་སྲུང་ནགས་ཚལ་ཟེར་བའི་འདུ་འགོད་དེར“ལྗང་མདོག་ལྕགས་རི་རིང་པོ”ཞེས་ཀྱང་འབོད་ཀྱི་ཡོད། 1978ལོར་འགོ་ཚུགས་པའི་སྐྱེ་ཁམས་འདུ་འགོད་དེས་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཆ་ཕྱེད་ཀ་ཙམ་གྱི“བྱེ་རྒྱས་མི་བཤོལ”གྱི་རྣམ་པར་རྦད་དེ་འགྱུར་ལྡོག་བཏང་སྟེ“སྔོ་རྒྱས་བྱེ་བཅོས”མངོན་འགྱུར་བྱུང་ཡོད་པ་རེད།

    “‘བྱང་གསུམ’འདུ་འགོད་ཀྱི་དོན་སྙིང་གལ་ཆེན་དེ་སྐྱེ་ཁམས་སླར་གསོའི་གཞི་ཁྱོན་ཁོ་ནའི་ཐོག་ནས་མཚོན་པ་ཙམ་མ་ཡིན་པར། རྒྱལ་ཁབ་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་སྲིང་ལྷོད་མེད་ངང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པར་ཡང་ཐུག་ཡོད”ཅེས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས》ཀྱི་དབུ་བཞུགས་ཚན་རིག་པ་པཱ་ལུན·གཡོད་སེ་ཧྥུའུ·ཨོར་གྱིས་བརྗོད་པ་རེད།

    —— ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་གཞིར་བཟུང་།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།