ཀྲུང་གོའི་རོགས་སྐྱོབ་བྱ་སྤྱོད་ཀྱིས་དམངས་ཚོཌ་ཀྱི་ཚེ་སྲོག་བདེ་འཇཌ་བསྲུངས་བ།

འདི་ནི་ཟླ་7ཚེས་9ཉིན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ཀང་གྲོང་ཁྱེར་ཤིས་ཅང་སློབ་གསོ་གླིང་དུ་རོགས་སྐྱོབ་མི་སྣས་སྒུལ་ཤུགས་གྲུ་ཟམ་སྤྱད་དེ་ཉེན་གྱར་སློབ་མ་དབོར་བཞིན་པ།
ཉེ་དུས་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ནས་ཀྲུང་གོའི་ས་ཆ་མང་པོར་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་ཞིང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སུ་བརྙན་པར་བླངས་པའི་རོགས་སྐྱོབ་པར་རིས་ཤིག་གོ་ལ་ཧྲིལ་པོའི་དྲ་ཐོག་ཏུ་བརྒྱུད་བསྒྲགས་རྒྱ་ཁྱབ་བྱས་ནས་ཕྱི་ཕྱོགས་ལ་ཀྲུང་གོའི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེན་པོ་མངོན་ཡོད། དེ་ནི་རིང་ཚད་སྨི་60ཙམ་དང་ཞེང་ཚད་སྨི་8ཙམ་ཡོད་པའི་འཕྲལ་སྡོམ་སྒུལ་ཤུགས་གྲུ་ཟམ་ཞིག་གིས་ཀུའེ་ཀང་གྲོང་ཁྱེར་གྱི་ལས་རིགས་སློབ་གྲྭ་ཞིག་གི་ཉེན་གྱར་དགེ་སློབ་བསྐྱབས་པའི་གནས་ཚུལ་ཞིག་ཡིན། “རོགས་སྐྱོབ་གྲུ་གཟིངས་ཨ་མ”ཞེས་འབོད་པའི་སྒྲིག་ཆས་དེས་ཐེངས་གཅིག་ལ་མི་300ལྷག་ཙམ་དབོར་ཐུབ་ཀྱི་ཡོད།
གཞི་ཁྱོན་དང་ལག་རྩལ་གྱི་ངོས་ནས་བརྗོད་ན། “རོགས་སྐྱོབ་གྲུ་གཟིངས་ཨ་མ”ཡིས་མང་ཚོགས་དབོར་བའི་རྣམ་པ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་སྒྲིག་ཆས་དེའི་རྒྱབ་སུ་སྔོན་ནས་བཟོས་ཟིན་པའི་འཁོར་རྒྱུག་སྒྲོམ་གཞི་དེ་རེད། སྒྲོམ་གཞི་དེར་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་དང་། དཔུང་ཁག་བཀོད་གཏོང་། མི་མེད་གནམ་གྲུ། འཕྲལ་སྡོམ་འཕྲིན་གཏོང་མ་ལག དེ་བཞིན་དམིགས་བསལ་སྒྲིག་ཆས་བཅས་ཡོད་པས་གནོད་འཚེ་ཕོག་པའི་རོགས་སྐྱོབ་ཐད་སྤྱོད་ཆོག་གི་ཡོད།
རང་བྱུང་གནོད་འཚེར་ཁ་གཏད་གཅོག་པ་ནི་རོགས་སྐྱོབ་ཀྱི་གནད་དོན་ཙམ་མིན་པར་འཆར་འགོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་ཚོགས་ལ་འགོག་སྲུང་བྱེད་རོགས་བཅས་ཚུད་པའི་བཅོས་སྐྱོང་བྱ་ཐབས་ཤིག་རེད། ཀྲུང་གོའི་རོགས་སྐྱོབ་བྱ་སྤྱོད་ཀྱིས་མི་རྣམས་ཧང་སངས་སུ་བཅུག་པ་མ་ཟད། འཆར་འགོད་ཞིབ་ཚགས་དང་། སྤྱི་པའི་གཏོང་ཆ། དེ་བཞིན་སྡེ་ཚན་ཁག་གིས་མཉམ་སྒྲུབ་གཞོགས་འདེགས་བཅས་ལ་བརྟེན་ནས་དམངས་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱས་པར་ཐོབ་པའི་ཕན་འབྲས་དེ་བས་མངོན་ཡོད།
—— པར་ཙིར་247གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།