དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་གི་འགྲེམས་འཁྲབ་བྱེད་སྒོ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-03

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་རིག་རྩལ་ཅུས་དང་། རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སི། པེ་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་གི་འགྲེམས་འཁྲབ་བྱེད་སྒོ་2026ལོའི་ཟླ་7པ་ནས་ཟླ་9པ་བར་པེ་ཅིང་དུ་གཉེར་མུས་ཡིན་པ་དང་། རྒྱལ་ཡོངས་ཀྱི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་12འཁྲབ་སྟོན་བྱ་རྒྱུ་རེད།

    འཁྲབ་སྟོན་བརྩམས་ཆོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་བསྟོད་གླུ་འབུལ་རྒྱུ་གཙོ་བོར་བྱས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི་གཏིང་ཟབ་པའི་བརྗོད་དོན་གཙོ་བོ་གཅིག་སྡུད་ཐོག་མཚོན་པར་བྱས་ཤིང་། པ་ལིའི་ཞབས་བྲོ《གསར་བརྗེའི་བུད་མེད་དམག་དཔུང》དང་། གླུ་གར《སྐྲ་དཀར་མ》གཉིས་པོ་གསར་བརྗེའི་དུས་སྐབས་སུ་བྱུང་ཡང་དེའི་བརྗོད་དོན་ད་བར་མ་ཉམས་པར་ཀུན་གྱིས་གླེང་ནས་དགའ་པོ་བྱེད་པ་དང་། ཟློས་གར《ནམ་ཡང་མི་ནུབ་པའི་གློག་རླབས》དང《རྟ་དམག》དང་། རོལ་དབྱངས་ཟློས་གར《ལི་ཨེར་ཀོའུ་འཚོལ་བ》བཅས་ཀྱིས་དེང་རབས་ཀྱི་མཛེས་དཔྱོད་སྐད་ཆའི་ལམ་ནས་གསར་བརྗེའི་གཏམ་རྒྱུད་བརྗོད་ཡོད། གཏམ་བརྗོད་ཟློས་གར《སན་དབན། མཚན་མོ་དེར》ཞེས་པས་ཏང་གི་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ལ་དམིགས་ཏེ། དངོས་བྲིས་ཀྱི་ལམ་ནས་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ། རྩལ་རྩེད་ཟློས་གར《འབོད་སྒྲ་དང་པོ》ཞེས་པས་ལས་རིགས་བརྒལ་བའི་མཉམ་འདྲེས་ལམ་ནས་གསར་བརྗེའི་གཏམ་རྒྱུད་བརྗོད་པ། ཧྥུའུ་ཅན་གྱི་ཁྲང་ཞི《ཚེ་སྲོག》དང་ཅང་ཤིས་ལྷོ་རྒྱུད་ཀྱི་ཇ་ལོ་འཐུ་བའི་ཟློས་གར《མི་གཅིག་གི་རྒྱང་སྐྱོད》ཀྱིས་ས་གནས་ཀྱི་ཟློས་གར་ཁྱད་ཆོས་ལ་བརྟེན་ནས། གསར་བརྗེའི་ལོ་རྒྱུས་ཀྱི་ཉམས་འགྱུར་ཟབ་མོ་མངོན་པར་བྱས་པ། ཁུན་ཅུས་ཁྲང་ཞི《ཆུས་ཆིའུ་པའེ》ཡིས་གསར་བརྗེའི་སྔོན་བྱོན་པའི་དཔའ་མི་ཞུམ་པའི་སྙིང་སྟོབས་གསོན་ཉམས་དོད་པོས་འཁྲབ་པ་མ་ཟད། བྱིས་པའི་ཟློས་གར《སྐྱེལ་མི་ཐུབ་པའི་གསང་འཕྲིན》གྱིས་བྱིས་པའི་མཐོང་སྣེ་ནས་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས་པ། གཏམ་བརྗོད་ཟློས་གར《སྔོ་ཐིང་ཐིང་གི་སྤང་ལྗོངས་དབལ་བན་ཚང》གིས་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱིས་གཞི་རིམ་དུ་གཞི་ཚུགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་བྱས་རྗེས་བརྗོད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།