《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
2030ལོར་སླེབས་སྐབས་རྒྱལ་ནང་གི་རྩིས་གཞིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2025ལོ་དང་བསྡུར་ན་17%ཆག་རྒྱུ་ཡིན་པ།
ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ་རེད།
འཆར་འགོད་ནང་ཁ་གསལ་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་ལས་དོན་ལ་འཕེལ་རིམ་གལ་ཆེན་གསར་པ་བྱུང་བ་དང་ཐཱན་རྩེར་སོན་གྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་ནས་2030ལོར་སླེབས་སྐབས་རྒྱལ་ཁབ་ཀྱིས་རང་བརྟེན་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་རེད། 2030ལོར་སླེབས་སྐབས་རྒྱལ་ནང་གི་རྩིས་གཞིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2025ལོ་དང་བསྡུར་ན་17%ཆག་རྒྱུ་དང་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་ར་དེ་ལས་རིགས་ལ་ཁྱབ་པའི་རྩིས་གཞིའི་ཐོན་རྫས་ཀྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2025ལོ་དང་བསྡུར་ན་3%ཙམ་ཆག་རྒྱུ། ཁ་དན་ཚིག་གནས་དང་། ཕྱི་གསལ་ནང་གསལ། ཐབས་ཤེས་གཅིག་གྱུར། ཞུགས་རྒྱ་ཆེ་བ། རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་པའི་རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་བཙོག་འབུད་ཉུང་གཏོང་གི་ཉོ་ཚོང་ཁྲོམ་ར་འཛུགས་པ་དང་ཐོན་རྫས་ཀྱི་ཐཱན་རྗེས་ཤུལ་དོ་དམ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ། དབྱང་གཉིས་ཐཱན་འགྱུར་མིན་པའི་དྲོད་ཁང་གི་རླུང་གཟུགས་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་3000འཚམ་ཚད་ཉུང་དུ་གཏོང་བའི་ནུས་པ་ཆགས་པར་བྱ་རྒྱུ། གནམ་གཤིས་འགྱུར་ལྡོག་ལ་འཕྲོད་པའི་ལས་ཀའི་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནམ་གཤིས་ལ་འཕྲོད་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འདུ་ཤེས་ཟབ་ཏུ་དང་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་རྒྱུ་བཅས་རེད།
གཙོ་གནད་ཁྱབ་ཁོངས་ཀྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཚོད་འཛིན་བྱེད་པའི་ཐད་འཆར་འགོད་ནང་བཏོན་དོན། ཐཱན་འབུད་ཚད་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། འགྱུར་བྱུང་མིན་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཛད་སྤྱོད་ཀྱི་ཚབ་བྱེད་ལག་བསྟར་བྱེད་པ། རྡོ་སོལ་དང་རྡོ་སྣུམ་གྱི་འཛད་སྤྱོད་རྩེར་སོན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ས་ཁོངས་སུ་རྡོ་སོལ་སྤྱོད་པའི་རྣམ་གྲངས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་པར་རྡོ་སོལ་འབོར་མཚུངས་སམ་ཡང་ན་གྲངས་འབོར་ཉུང་གཏོང་ཚབ་བྱེད་ལག་བསྟར་བྱེད་དགོས།
རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་འཆར་འགོད་ནང་ཁ་གསལ་བཏོན་དོན། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་ཁྲོམ་ར་མགྱོགས་མྱུར་བསྐྲུན་རྒྱུ་དང་། ཁྱབ་ཁྱོན་དང་དྲོད་ཁང་རླུང་གཟུགས་ཀྱི་རིགས་གོ་རིམ་ལྡན་པའི་ངང་རྒྱ་ཆེར་བཏང་ནས་ཐཱན་འབུད་ཚད་བསྡོམས་འབོར་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པའི་ལས་རིགས་ལ་བགོ་བྱའི་བཅད་འབོར་གྱི་བསྡོམས་འབོར་སྔོན་ལ་ཚོད་འཛིན་བྱེད་པ། རིན་མེད་དང་རིན་ཡོད་ཟུང་འབྲེལ་གྱི་ཐཱན་འབུད་ཚད་བགོ་བཤའ་རྒྱག་སྟངས་ཁྱབ་གདལ་བརྟན་པོ་གཏོང་བ། རིན་ཡོད་བགོ་བཤའི་བསྡུར་ཚད་གོ་རིམ་ལྡན་པའི་ངང་མཐོ་རུ་གཏོང་བ་བཅས་བྱས་ཏེ་བགོ་བྱའི་བཅད་འབོར་གསོག་འཇོག་དང་ཁྲོམ་རའི་སྙོམས་སྒྲིག་ལམ་སྲོལ་འཛུགས་དགོས།
འབྲེལ་ཡོད་གསར་འགྱུར།