རང་རྒྱལ་གྱི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་བསྡོམས་འབོར་ཁྲི་3300ལྷག་ཙམ་ཟིན་པ།
ཚེས་30ཉིན། 2026ལོའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གླེང་སྟེགས་ཨན་ཧུའེ་ཧོ་ཧྥེར་འགོ་ཚུགས་པ་དང་དྲ་རྒྱའི་རྩོམ་པ་པོ་དང་། ཁེ་ལས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་200ལྷག་ཙམ་མཉམ་དུ་འཛོམས་ཡོད། 《2025ལོའི་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་རྒྱབ་ཤ་སྔོན་པོའི་དེབ》དང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གི་ཤུགས་རྐྱེན་ཐེབས་ཤུགས་ཨང་རིམ(2025ལོ་འཁོར)དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་པ་རེད།
རྒྱབ་ཤ་སྔོན་པོའི་དེབ་ལས་མངོན་པར། 2025ལོའི་ལོ་མཇུག་བར། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ཀྱི་བསྡོམས་འབོར་ཁྲི་3300ལྷག་ཙམ་ཟིན་ནས་དངོས་ཡོད་དང་། ཚན་འཕྲུལ། ལོ་རྒྱུས། འཕྲུལ་སྣང་སོགས་རིགས་ཆེན་པོའི་གསར་རྩོམ་ཆུ་ཚད་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་ཡོད། ཐོ་འགོད་རྩོམ་པ་པོ་ཁྲི་3500ལྷག་ཙམ་ཟིན་པ་དང་ཀློག་པ་པོའི་གྲངས་འབོར་དུང་ཕྱུར་5.25ཟིན་ཡོད། 2025ལོའི་དྲ་རྒྱའི་རྩོམ་རིག་གི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་490ཙམ་ཟིན་པ་དང་། ལོར་འཁྲབ་ཚན་ཐུང་གྲས་དང་ཆེས་ཐུང་གྲས་9000ཙམ་ལ་བསྐྱར་སྒྲིག་གི་དབང་ཆ་སྤྲོད་མང་དུ་བཏང་བ་དེ་དུས་མཚུངས་ལས་463%འཕར་ཡོད། 2025ལོའི་ལོ་མཇུག་བར་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་གིས་ཕྱི་རྒྱལ་ལ་བརྩམས་ཆོས་ཁྲི་13ལྷག་ཙམ་ཕྱིར་གཏོང་བྱས་པ་དང་། ད་ཡོད་ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་སྤྱོད་མཁན་གྱི་གྲངས་འབོར་དུང་ཕྱུར་2.5ཙམ་ཟིན་པ། ཕྱི་རྒྱལ་གྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་80(དྲ་རྒྱའི་རྩོམ་རིག་ལས་སྟེགས་ཀྱི་འཁྲབ་ཚན་ཐུང་གྲས་དང་ཆེས་ཐུང་གྲས་ཀྱི་ལས་སྒོ་ཚུད་པ)ལྷག་ཙམ་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།