དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་དམག་དོན་སློབ་གྲྭར་མིང་ཐོ་འགོད་མཁན་དང་སློབ་མའི་སྤུས་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-02

    ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཤའོ་དམག་དཔོན་ཆེན་པོ་ཅང་པིན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། གསར་འགོད་པ་ཞིག་གིས། ལོ་ལྟར་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་རྒྱོང་སྐབས། དམག་དོན་སློབ་གྲྭ་ནི་སློབ་མ་དང་ཁྱིམ་བདག་མང་པོ་ཞིག་གི་བློ་ལ་བབས་ཤོས་ཀྱི་གདམ་ག་ཡིན་པ་སྨྲོས་མེད་རེད། ད་ལོའི་དམག་དོན་སློབ་གྲྭའི་སློབ་བསྡུའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞེས་དྲིས། ཅང་པིན་གྱིས། ད་ལོ་རྒྱ་ཆེའི་སློབ་མ་ཚོས་དམག་དོན་སློབ་གྲྭར་འཚང་ཁ་ཤིག་ཤིག་ངང་མིང་ཐོ་བཀོད་ཅིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་སློབ་མ་ཁྲི་19.2ཙམ་གྱིས་མིང་ཐོ་བཀོད་པ་དང་། དམག་དོན་སློབ་གྲྭ་22ཀྱིས་རྒྱུགས་སྤྲོད་སློབ་མ་ཁྲི་1.75བསྡུས་ཡོད། རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་ཀྱི་ཨང་རིམ་ཆ་སྙོམས་ཞིང་ཆེན་ཁག་གི་མདུན་གྲལ་གྱི་6%ཟིན་ཡོད་པས། མིང་ཐོ་འགོད་མཁན་དང་སློབ་མའི་སྤུས་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།