དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་ལ་ལེགས་པའི་ཕྱོགས་སུ་བསྐྱོད་པ།

    ཀྲུང་གོའི་དཔལ་འབྱོར་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-02

    འདི་ནི་ཉེ་ཆར། དུས་གཅིག་ལ་གཉེར་བའི་དབྱི་ཝུའུ་ཡི་ཉི་ནུས་འོད་ཤུགས་དང་ནུས་གསོག་ཉེར་སྤྱོད་ཐོན་རྫས་འགྲེམས་ཚོགས་དང་2026དབྱི་ཝུའུ་ཡི་འཛད་སྤྱོད་གློག་རྡུལ་དང་གློག་ཆས་འགྲེམས་ཚོགས་ཐོག་ཕྱི་རྒྱལ་ཚོང་པ་ཞིག་གིས་ཚོང་ཟོག་ཉོ་བཞིན་པ།

    འདི་ནི་ཉེ་ཆར། ཧང་ག་རིའི་གྲོང་ཁྱེར་པུ་ཏ་ཕེ་སིར་ཕྱི་རྒྱལ་བས་ཀྲུང་གོའི་སྤུས་རྟགས་ཚོང་ཟོག་འགྲེམས་སྟོན་ལ་ལྟ་བཞིན་པ།

    འདི་ནི་ཟླ་3ཚེས་16ཉིན། “མེན་པའོ་མངར་མོ”ཞེས་འབོད་པའི་པོ་ལུའོ་ཐོན་ཁུལ་གཙོ་བོ་པེ་ནི་ནའི་ཙེ་གྲོང་རྡལ་དུ་ཞིང་པས་བཏུས་མ་ཐག་པའི་ཤིང་ཏོག་པོ་ལུའོ་སྒམ་ནང་བླུགས་ནས་ཀྲུང་གོར་ཕྱིར་གཏོང་གི་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་ཉེ་ཆར། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཞིག་གིས་ཁྲིད་པའི་ཕྲུ་གུ་གཅིག་གིས་ཀོང་ཀྲོའུ་ཚོང་འདུས་སྐབས་139པར་འགྲེམས་སྟོན་བྱས་པའི་འཕྲུལ་ལག་དང་མཉམ་འགུལ་བྱེད་བཞིན་པ།

    འདི་ནི་ཉེ་ཆར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཟོག་འདྲེན་གྲུ་ཁ་གཙོ་བོའི(དབྱང་ཕུའུ་གྲུ་ཁ)དོས་སྒམ་གྲུ་ཁའི་ལས་བྲེལ་ཆེ་བའི་རྣམ་པ་ཡིན་པ།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། འགྱུར་མེད་རིན་གོང་ལྟར་བརྩིས་ན། ཀྲུང་གོའི་ལོ་སྟོད་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་4.7%འཕར་ནས་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་གནས་ཡོད། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་ཀྲུང་གོའི་དཔལ་འབྱོར་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ནས། ཀྲུང་གོའི་སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་སྒྱུར་དང་། སྲོལ་རྒྱུན་ལས་རིགས་ཀྱི་སྤུས་རིམ་མཐོར་གཏོང་། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད། ད་ཐེངས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་4གདན་དྲངས་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་ལ་ལེགས་པའི་ཕྱོགས་སུ་བསྐྱོད་པར་འགྲེལ་བཤད་བརྒྱབ་ཡོད།

    སྙུགས་ཤེད་ཆེན་པོ་མངོན་པར་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བཏིང་བ།

    ཧྥུའུ་ཏན་སློབ་ཆེན་དཔལ་འབྱོར་སློབ་གླིང་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཏིང་ཁྲུན་གྱིས། གོ་ལ་ཧྲིལ་པོའི་ས་འབྲེལ་ཆབ་སྲིད་ཀྱི་གདོང་གཏུག་ཛ་དྲག་ཏུ་འགྲོ་བ་དང་། དཔལ་འབྱོར་དངོས་ཚན་གཙོ་བོའི་སྒུལ་ནུས་ཞན་དུ་འགྲོ་བ། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་བཏེགས་པ་བཅས་ཀྱི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཐོངས་སུ་གནས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ལ། གཏན་འཁེལ་མེད་པའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་དཔེ་མི་སྲིད་པའི་སྔོན་དཔག་བརྟན་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད་ཅེས་བརྗོད།

    ཀྲུང་གོའི་ལོ་སྟོད་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་སྙུགས་ཤེད་ཆེན་པོ་མངོན་ཡོད། དཔལ་འབྱོར་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་བ་དང་རིམ་སྤོར་བྱས་ནས་འཛད་སྤྱོད་ཀྱི་གྲུབ་ཆ་གཞན་སྒྱུར་དང་མ་འཇོག་གི་གྲུབ་ཆ་ལེགས་སུ་བཏང་བ་དང་སྲོལ་རྒྱུན་ཐོན་ལས་ཀྱིས་དངོས་ཚན་དཔལ་འབྱོར་གྱི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བས། ནུས་གསར་རླངས་འཁོར་དང་། གློག་རྡུལ་འཕྲིན་གཏོང་། ལག་རྩལ་མཐོ་བའི་བཟོ་སྐྲུན་སོགས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་མྱུར་བྱུང་ཡོད། སྤྱིའི་ཆ་ནས་བལྟས་ཚེ། ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་ལས་སྤྱི་འབོར་བརྟན་པོ་དང་། གྲུབ་ཆ་ལེགས་པ། སྒུལ་ནུས་གསར་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད།

    པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་ཞ་ཧྭ་ཧྲེང་གིས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཕལ་མོ་ཆེ་གྲུབ་ཆའི་རང་བཞིན་གྱི་ལེགས་ཆ་དང་ནང་ངོས་ཀྱི་སྒུལ་ནུས་ལས་བྱུང་བ་ཞིག་ཡིན་པས། བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་སྐུལ་ཁྲིད་འོག་ཕྱི་ཕྱོགས་ཚོང་དོན་ལ་སྙུགས་ཤེད་ཆེན་པོ་མངོན་ནས་ལས་ཞུགས་ཐུབ་ནུས་སྤྱིར་ན་བརྟན་པ་དང་། ཟོག་གོང་ཅུང་འཕར་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་པ་བཅས་ལས་དུས་ཡུན་རིང་པོར་བསགས་ནས་ཆགས་པའི་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཉེན་ཁ་འགོག་ནུས་ཆེན་པོ་གང་ལེགས་མངོན་ཡོད་ཅེས་བརྗོད།

    ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བར་དེ་བས་སྣང་ཆེན་བྱས་ཏེ། ཐོན་ལས་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ཀྱི་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡོད།

    སིང་ཀ་ཕོར་རྒྱལ་བཙུགས་སློབ་ཆེན་ལི་ཀོང་ཡའོ་སྤྱི་པའི་སྲིད་ཇུས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀུའུ་ཆིང་དབྱང་གིས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ས་འབྲེལ་ཀྱི་དུས་བབ་རྙོག་འཛིང་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ་ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆར་འཁོར་སྐྱོད་བརྟན་པོ་དང་། གསར་ལ་ལེགས་པར་ཕྱོགས་བཞིན་ཡོད་པས། མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་དབྱིབས་གསར་འཛུགས་སྐྲུན་དང་། ལས་གྲྭ་དང་རྣམ་གྲངས་གལ་ཆེན་ལག་བསྟར། ཚན་ཞིབ་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་སྲིད་ཇུས་ཀྱི་ཐོན་ཁུངས་དེ་བས་མང་བ་ཚན་རྩལ་གསར་གཏོད་དང་། ལྗང་མདོག་ཕྱོགས་སྒྱུར། དམངས་འཚོ་ལེགས་གཏོང་བཅས་ལ་གཏོང་གི་ཡོད་པ་དེ་ལས་ཀྲུང་གོས་དུས་ཐུང་ནང་བརྟན་པོའི་ངང་འཕར་བ་དང་དུས་ཡུན་རིང་པོའི་ནང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འབྲེལ་བར་སྤྱི་འདོམས་བྱེད་པར་དེ་བས་སྣང་ཆེན་བྱེད་པ་གསལ་བཤད་ཐུབ་ཀྱི་ཡོད་ཅེས་བརྗོད།

    ལྷོ་ཨ་ཧྥེ་རི་ཁའི་ཕི་རི་ཐོ་རི་ཡ་སློབ་ཆེན་ཀོ་ཏེང་ཚོང་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ལར·ཧོའེ་ཐེ་ཡིས། ད་ལོའི་ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་གྱི་གྲངས་གཞི་མང་པོར་བསྟོད་བསྔགས་བྱེད་རིན་ཡོད་ཅིང་། གསར་གཏོད་དེ་ནི་ཀྲུང་གོའི་དཔལ་འབྱོར་ཤེས་རྟོགས་བྱེད་པའི་འགག་རྩའི་ཐ་སྙད་ཅིག་ཏུ་གྱུར་ཡོད། ང་ཚོས་རྒྱལ་སྤྱིར་འགྲན་རྩོད་ནུས་པ་ལྡན་པའི་ཁེ་ལས་དང་ཐོན་ལས་ཚོ་འདུས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བཞིན་པ་མཐོང་བྱུང་། མི་ཐབས་རིག་ནུས་ཀྱི་ཐོན་ལས་ལ་ཆ་མཚོན་ན། ཀྲུང་གོར་ཉིན་རེར་ཆ་སྙོམས་ཐོ་ཁྱིམ་སྤྱོད་ཚད་དུང་ཕྱུར་ཁྲི་བརྒྱ་ཡན་ཟིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མས་ལྷུ་ཚིགས་ཁག་གི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་བཏང་བ་མ་ཟད། ད་དུང་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཐ་ན་ཐོན་ལས་མ་ལག་ཧྲིལ་པོ་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་གི་ཡོད་པས། དེ་ལས་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ལ་འགྱུར་ལྡོག་གསར་པ་བྱུང་བ་མངོན་ཡོད་ཅེས་བརྗོད།

    ཀྲུང་གོའི་དཔལ་འབྱོར་བརྟན་པོ་བྱུང་བ་ནི་ཚད་གཞི་ངེས་ཅན་ཞིག་གི་ངོས་ནས་བཤད་ན། དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལས་ཕན་པ་ཐོབ་པ་ཞིག་ཡིན། ཀྲུང་གོ་སྲིད་གཞུང་གིས་དམིགས་སའི་རང་བཞིན་ལྡན་པའི་ཐོན་ལས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཚོང་དོན་མ་འཇོག་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་དང་རྙིང་པ་གསར་པར་བརྗེ་བ་སོགས་སྲིད་ཇུས་མང་པོར་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། བྱེད་ཐབས་འདི་དག་གིས་ཁྲོམ་རའི་སྔོན་དཔག་ནུས་ལྡན་ངང་བརྟན་དུ་ཕྱིན་པ་དང་ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་མ་ཟད། ཐོན་ལས་ལེགས་སྒྲིག་ལ་དུས་ཚོད་བྱུང་ནས་སྲིད་ཇུས་ཀྱི་གྲུབ་འབྲས་ལས་དམངས་འཚོར་ཕན་པ་ཐོབ་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་རྐང་རེད། ཀྲུང་གོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་། ལས་ཕྱོད། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ལ་དེ་བས་སྣང་ཆེན་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་རྒྱུ་རེད། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་འདོན་སྤེལ། དེ་བཞིན་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཐུན་མོང་ཐོག་ཆེ་རུ་གཏོང་རྒྱུ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་བསྟུན་ནས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་མུ་མཐུད་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་དང་འཛམ་གླིང་དཔལ་འབྱོར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།