ཀྲེ་ཅང་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཚད་ལྡན་དོས་སྒམ་དབོར་ཚད་ཁྲི་15ལས་བརྒལ་བ།

ཧང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་7ཚེས་29ཉིན་བར། ཀྲེ་ཅང་གི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྱོན་1862བཏང་ནས་ཚད་ལྡན་དོས་སྒམ་ཁྲི་15.2དབོར་བ་དེ་དུས་མཚུངས་ལས་0.3%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་བཏོད་ཡོད། འདི་ནི་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཞིག་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཧྭ་ཏུང་རྒྱལ་སྤྱིའི་མཉམ་འདྲེན་གྲུ་ཁ་ནས་ཐོན་ཏེ། ཧོར་ཧོ་སི་འགག་སྒོ་བརྒྱུད་ཧ་སག་སི་ཐན་དང་། ཨུ་ཟ་བྷེ་ཁི་སི་ཐན། ཐ་ཇིག་སི་ཐན། ཏུར་མེན་སི་ཐན་བཅས་སུ་སྐྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།