དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟམ་ཆེན་ཚ་ཚ་འུར་འུར་ངང་སྦྲེལ་མཐུད་བྱེད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-01

    ཟླ་7ཚེས་29ཉིན། ནན་ཐུང་ནས་ཉིང་པོ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལྡིང་ཟམ་ཐོག་མ་སྟེ། ཀྲང་ཅཱ་ཀང་གཙང་པོ་སྒྲོལ་བའི་ལྡིང་ཟམ་སྦྲེལ་མཐུད་བདེ་བླག་བྱུང་བ་དང་། ཟམ་པ་དེ་ནི་ཅང་སུའུ་ཀྲང་ཅཱ་ཀང་དང་ཁྲང་ཧྲུའུ་ཡི་སྦྲེལ་མཚམས་སུ་གནས་ཤིང་། སྤྱིའི་རིང་ཚད་ལ་སྨི་417.7ཡོད་པ་རེད། ནན་ཐུང་ནས་ཉིང་པོ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་མཚོ་རྒྱུད་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། བསྐྲུན་ཟིན་རྗེས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་དྲ་བའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ངེས་ཡིན་ཞིང་། འདི་ནི་ནན་ཐུང་ནས་ཉིང་པོ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཀྲང་ཅཱ་ཀང་གཙང་པོ་སྒྲོལ་བའི་ལྡིང་ཟམ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།