2025ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།
(2026ལོའི་ཟླ་7ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པར་གྲོས་འཆམ་བྱུང་བ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《2025ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ནོར་སྲིད་ངེས་རྩིས་སྐོར་གྱི་སྙན་ཞུ》དང《2025ལོའི་ལོ་འཁོར་གྱི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུ》གསན་པ་དང་དེར་གྲོས་ཞིབ་བྱས་པ་རེད། ཚོགས་འདུར་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུར་མོས་མཐུན་བྱས་པ་དང་། 2025ལོའི་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།