དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རང་རྒྱལ་གྱི་ལྗང་མདོག་དངུལ་བུན་བརྟན་པོ་འཕར་བ།

    ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.82འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-31

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ལྗང་མདོག་དངུལ་བུན་བརྟན་པོ་འཕར་ཞིང་། དུས་ཚིགས་གཉིས་པའི་དུས་མཇུག་བར། རང་རྒྱལ་གྱི་རང་དངུལ་དང་ཕྱི་དངུལ་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་48.63ཟིན་པ་དེ་དུས་མཚུངས་ལས་14.5%འཕར་བ་དང་། ལོ་སྟོད་དུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.82འཕར་ཡོད་པ་རེད།

    དངུལ་བུན་གྱི་སྤྱོད་སྒོ་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་རིམ་སྤོར་ཐད་ཀྱི་དངུལ་བུན་དང་། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ཐད་ཀྱི་དངུལ་བུན། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་བེད་སྤྱོད་བཅས་ཐད་ཀྱི་དངུལ་བུན་ལྷག་གྲངས་ཁག་སོ་སོར་སྒོར་དུང་ཕྱུར་ཁྲི་21.74དང་། སྒོར་དུང་ཕྱུར་ཁྲི་8.73 སྒོར་དུང་ཕྱུར་ཁྲི་5.42བཅས་ཟིན་ཡོད། ལས་རིགས་ནས་བལྟས་ན། གློག་ཤུགས་དང་། ཚ་ཤུགས། འབར་རླངས་བཅས་དང་། དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་འདོན་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་9.17ཟིན་ནས། ལོ་སྟོད་དུ་སྒོར་དུང་ཕྱུར་2207འཕར་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་བཅས་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་9.10ཟིན་ནས། ལོ་སྟོད་དུ་སྒོར་དུང་ཕྱུར་7973འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།