དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྲ་རྒྱའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཐད་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-31

    དྲ་རྒྱའི་གཏུམ་སྤྱོད་སྔོན་འགོག་དང་། བཀག་འགོག ཆད་གཅོད་བཅས་བྱེད་པ་དང་། དྲ་རྒྱའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མི་སྒེར་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་ཆེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་བཀོད་པ་དང་། ཟླ་7ཚེས་29ཉིན་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད། བསམ་འཆར་བསྡུ་མཚམས་འཇོག་པའི་དུས་ཚོད་དེ་2026ལོའི་ཟླ་8ཚེས་28ཉིན་བར་ཡིན་པ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁྱོན་ལེའུ་བདུན་དང་དོན་ཚན་དྲུག་ཅུ་ཡོད་ཅིང་། གཙོ་བོ་གཏན་འབེབས་བྱས་པའི་ནང་དོན་ནང་། དྲ་རྒྱའི་གཏུམ་སྤྱོད་ཅེས་པའི་ཐ་སྙད་ཀྱི་གོ་དོན་དང་བཅོས་སྐྱོང་རྩ་དོན་ཁ་གསལ་བཟོ་བ་དང་། དྲ་རྒྱའི་གཏུམ་སྤྱོད་ཀྱི་བཅོས་སྐྱོང་སྒྲིག་སྲོལ་དང་ལམ་སྲོལ་བཟོ་བ། དྲ་རྒྱའི་གཏུམ་སྤྱོད་བཅོས་སྐྱོང་གི་ལས་སྟེཌ་ཀྱི་འགན་འཁྲི་ནན་དུ་གཏོང་བ། དྲ་རྒྱའི་གཏུམ་སྤྱོད་ཀྱི་སྲིད་གཞུང་གི་བཅོས་སྐྱོང་ལེཌ་སུ་གཏོང་བ། དྲ་རྒྱའི་གཏུམ་སྤྱོད་ཀྱི་སྤྱི་ཚོགས་མཉམ་བཅོས་བྱེད་ཟབ་ཏུ་གཏོང་བ། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། བཅའ་ཁྲིམས་འགན་འཁྲི་ཁ་གསལ་བཟོ་བ་བཅས་ཚུད་ཡོད་པ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་ལ་གཞིགས་ན། དྲ་རྒྱའི་གཏུམ་སྤྱོད་ཅེས་པ་ནི་དྲ་རྒྱ་བརྒྱུད་མི་སྒེར་དང་རྩ་འཛུགས་ལ་གཅིག་སྡུད་དམ་ཡང་ན་རྒྱུན་མཐུད་ལག་ལེན་བསྟར་བའི་མིང་གྲགས་ཐོབ་དབང་དང་། མཚན་སྙན་ཐོབ་དབང་། སྒེར་དོན་གསང་བའི་དབང་ཆ། འདྲ་པར་གྱི་བདག་དབང་། མི་སྒེར་གྱི་ཆ་འཕྲིན་སོགས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱེད་སྤྱོད་ཅིག་རེད། རྒྱལ་ཁབ་ཀྱིས་འབྱུང་རྩ་ནས་འགོག་ཟོན་དང་། བྱེད་ཐབས་སྣ་མང་མཉམ་སྤྱོད། གནད་སྨིན་ཇུས་བསྟར། མཐུན་སྦྱོར་མཉམ་བཅོས། ཁྲིམས་ལྟར་བཅོས་སྐྱོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པ་དང་། ཡ་རབས། བདེ་འཇགས། ལུགས་མཐུན་བཅས་ཀྱི་སྒོ་ནས་དྲ་རྒྱ་སྤྱོད་རྒྱུ་དར་སྤེལ་གཏོང་བ། བྱེད་ཐབས་སྤྱད་དེ་དྲ་རྒྱའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་ལ་དོགས་ཟོན་དང་བཅོས་སྐྱོང་བཅས་བྱས་པ་རེད།

    དྲ་རྒྱའི་གཏུམ་སྤྱོད་ལ་སྤྱི་ཚོགས་མཉམ་བཅོས་བྱེད་ཟབ་ཏུ་གཏོང་བའི་ཐད་བསམ་འཆར་བསྡུ་ལེན་མ་ཟིན་ནང་། སློབ་གྲྭས་ན་སོ་དར་ལ་མ་བབས་པའི་སློབ་མར་དྲ་རྒྱའི་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་པའམ་ཡང་ན་ཁོང་ཚོས་དྲ་རྒྱའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་བ་ཤེས་ཚེ། ངེས་པར་དུ་བཀག་འགོག་བྱེད་པ་དང་ཆབས་ཅིག འབྲེལ་ཡོད་གནས་ཚུལ་དེའི་ལྟ་སྐྱོང་བར་གསལ་བཤད་བྱེད་དགོས་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྐྱོང་བས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཁོང་ཚོས་རང་རྟོགས་ངང་དྲ་རྒྱའི་གཏུམ་སྤྱོད་བྱེད་སྤྱོད་ལ་དོགས་ཟོན་དང་བཀག་འགོག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།