དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་རིམ་པའི་ཐཱན་མེད་བཟོ་གྲྭ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-31

    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུས《རྒྱལ་ཁབ་རིམ་པའི་ཐཱན་མེད་བཟོ་གྲྭ་བསྐྲུན་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རྒྱལ་ཁབ་རིམ་པའི་ཐཱན་མེད་བཟོ་གྲྭའི(ཐཱན་མེད་རྩིས་ནུས་སྒྲིག་བཀོད་ཚུད་པ)འཛུགས་སྐྲུན་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་ཞེས་པ་ནི་ལག་རྩལ་གསར་གཏོད་དང་། གྲུབ་ཆ་ལེགས་སྒྲིག དོ་དམ་ལེགས་གཏོང་སོགས་བཙོག་འབུད་ཉུང་གཏོང་གི་བྱེད་ཐབས་ལ་བརྟེན་ནས་ས་མཚམས་ནང་གི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྒྱུན་མཐུད་ཉུང་དུ་དང་དེ་ནས་རིམ་བཞིན་ཐཱན་མེད་ཕྱོགས་སུ་འཕེལ་རྒྱས་ཡོང་བར་བྱེད་པའི་བརྒྱུད་རིམ་ལ་ཟེར།

    བརྡ་ཐོའི་ནང་། འཛུགས་སྐྲུན་གྱི་རྨང་གཞི་ངེས་ཅན་ལྡན་པ་དང་། འཛུགས་སྐྲུན་གྱི་དམིགས་ཚད་ཁ་གསལ་བ། ལག་བསྟར་བྱེད་ཐབས་ཁ་གསལ་བ་བཅས་ཀྱི་ཆ་རྐྱེན་ལྡན་པ་མ་ཟད། གཏན་འཁེལ་བཟོས་པའི་དུས་ཆད་ནང་འཛུགས་སྐྲུན་གྱི་དམིགས་ཚད་ལེགས་སྒྲུབ་ཐུབ་མཁན་གྱི་བཟོ་སྐྲུན་རྣམ་པའི་ཁེ་ལས་དང་རྩིས་ནུས་སྒྲིག་བཀོད་སྔོན་ལ་རྒྱལ་ཁབ་རིམ་པའི་ཐཱན་མེད་བཟོ་གྲྭ་འཛུགས་སྐྲུན་གྱི་མིང་ཐོའི་གྲས་སུ་འཇུག་རྒྱུའི་ཁས་ལེན་རྒྱུ་ཡིན་ལུགས་བཏོན་ཡོད།

    བཟོ་ལས་དང་ཆ་འཕྲིན་ཅན་པུས་འཛུགས་སྐྲུན་ཚན་པར་དུས་ངེས་མེད་དུ་འཐེན་བཤེར་ཞིབ་དཔྱད་བྱ་རྒྱུ་དང་འབྲེལ“ཚད་གཞི་ལོན་རིགས་ཞིབ་བཤེར་རྩིས་ལེན་བྱེད་པའི”རྩ་དོན་གཞིར་བཟུང་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། ཞིབ་བཤེར་རྩིས་ལེན་དང་དཔྱད་དཔོག་ཐོབ་རིགས་རྒྱལ་ཁབ་རིམ་པའི་ཐཱན་མེད་བཟོ་གྲྭར་དངོས་སུ་འགྱུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།