དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡའི་ཙུང་ཐུང་གིས་བརྗོད་དོན།

    ཀྲུང་གོའི་ཁེ་ལས་ཀྱིས་ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་བྱེད་སྐབས་ནུས་པ་གལ་ཆེན་བཏོན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-31

    ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན—ཀྲུང་གོ་ཨར་ལས་མཉམ་གཉེར་ཚོགས་པས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ལྟེ་བའི་ལམ་ཐིག་གི་ཚད་ལྡན་ཁ་ཞེང་ལྕགས་ལམ་གྱི་འོས་མཚམས་དྲུག་པའི་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་ཐན་ཙན་ནི་ཡའི་ནུབ་རྒྱུད་གྲོང་ཁྱེར་ཅི་ཀེ་མ་རུ་འཚོགས་པ་རེད།

    ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་དང་། ཐན་ཙན་ནི་ཡའི་འགྲིམ་འགྲུལ་པུའུ་ཀྲང་མུའུ་པཱ་ལཱ་ཝ། ཐན་ཙན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་མིང་ཅན་བཅས་དང་དེ་བཞིན་ཀྲུང་ཐན་ཕྱོགས་གཉིས་པོའི་འཐུས་མི་མཛད་སྒོར་ཞུགས་པ་རེད།

    ཧཱ་སང་གིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་ཁེ་ལས་ཀྱིས་ཐན་ཙན་ནི་ཡའི་འགྲིམ་འགྲུལ་དང་ཟོག་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ནུས་པ་གལ་ཆེན་བཏོན་ཡོད། ལྕགས་ལམ་འདི་བསྐྲུན་ཚར་རྗེས་སྐྱེལ་འདྲེན་དུས་ཚོད་ཐུང་དུ་དང་། སྐྱེལ་འདྲེན་མ་གནས་དམའ་རུ། ལས་ཞུགས་ལས་གནས་མང་དུ་བཅས་འགྲོ་རྒྱུ་རེད་ཅེས་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐན་ཙན་ནི་ཡའི་ལྟེ་བའི་ལམ་ཐིག་གི་ཚད་ལྡན་ཁ་ཞེང་ལྕགས་ལམ་ནི་ཨ་ཧྥེ་རི་ཁ་ཤར་མའི་དབུས་རྒྱུད་བར་ཁྱམས་ཀྱི་རྐང་འཛིན་ལས་གྲྭ་གཙོ་བོ་ཞིག་ཡིན་ལ། བསྐྲུན་ཚར་རྗེས་ཐན་ཙན་ནི་ཡའི་སྐམ་སའི་དབུས་ཁུལ་དང་རྒྱ་མཚོར་བསྐྱོད་སའི་བགྲོད་ལམ་སྦྲེལ་མཐུད་ཐུབ་རྒྱུ་མ་ཟད། ད་དུང་ཝུ་ཀན་ཏ་དང་། རུ་ཝང་ཏ། པུ་རུན་ཏི་སོགས་སྐམ་སའི་རྒྱལ་ཁབ་ཁག་གི་ཟོག་འགྲུལ་སྐྱེལ་འདྲེན་བགྲོད་ལམ་ཡང་ཤར་གཏོང་ཐུབ་རྒྱུ་དང་ཆབས་ཅིག ལམ་རྒྱུད་ཀྱི་ཞིང་ལས་དང་། ཚོང་དོན། ཡུལ་སྐོར་སོགས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐེབས་ནས་ཨ་ཧྥེ་རི་ཁ་ཤར་མའི་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྒུལ་ཤུགས་བསྣན་རྒྱུ་ཡིན་པ་རེད། ཐེངས་འདིར་རྩིག་རྨང་བཏིང་པའི་འོས་མཚམས་དྲུག་པ་དེ་ཐན་ཙན་ནི་ཡའི་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་བའི་ཁུལ་དུ་གནས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་450ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།