ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མའི”ཐུང་ཅང་ཟམ་ཆེན་གྱི་ཟམ་སྒྲོམ་བཏིང་ཟིན་པ།

ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་རྩད་ཞིབ་ཇུས་འགོད་ཁང་གིས་ཇུས་འགོད་དང་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གསུམ་པས་སྐྲུན་འགན་འཁུར་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“བགྲོད་ལམ་ཤར་མའི”ཅཱ་མུའུ་སེ་ནས་ཐུང་ཅང་བར་གྱི་ལྕགས་ལམ་སྒྱུར་བཀོད་ཀྱི་ལས་གྲྭའི་ཐུང་ཅང་ཟམ་ཆེན་གྱི་ཟམ་སྒྲོམ་ཚང་མ་བཏིང་ཟིན་པ་དང་། ཟམ་སྒྲོམ་གྱི་རིང་ཚད་ཧྲིལ་པོར་སྨི་10435.14ཟིན་ཞིང་། དེ་ལས་ཅཱ་ཐུང་ལྕགས་ལམ་གྱི་མ་ལམ་ཆ་ཚང་བསྐྲུན་ཟིན་ཏེ་ལམ་ལྕགས་འདིང་བའི་དུས་མཚམས་སུ་སླེབས་ནས་རང་རྒྱལ་གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་བགྲོད་ལམ་འཛུགས་སྐྲུན་སླར་ཡང་མགྱོགས་སུ་ཕྱིན་པ་མཚོན་ཡོད། འདི་ནི་ཅཱ་མུའུ་སེ་ནས་ཐུང་ཅང་བར་གྱི་ལྕགས་ལམ་སྒྱུར་བཀོད་ལས་གྲྭའི་ཐུང་ཅང་ཟམ་ཆེན་གྱི་ཟམ་སྒྲོམ་འདིང་བཞིན་པ།
འབྲེལ་ཡོད་གསར་འགྱུར།