སི་ཁྲོན་དཀར་མཛེས་སུ་དབྱར་དུས་ཡུལ་སྐོར་འཁྲུག་ཆ་དོད།

འདི་ནི་ཟླ་7ཚེས་23ཉིན། ཡུལ་སྐོར་བས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་གཡུ་ཁོག་རྩྭ་ཐང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ལ་ལྟ་བཞིན་པ།

འདི་ནི་ཟླ་7ཚེས་24ཉིན། ཡུལ་སྐོར་བས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་གཡུ་ཁོག་རྩྭ་ཐང་དུ་རྟ་རྒྱུག་ལ་ལྟ་བཞིན་པ།
ཟླ་བདུན་པར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ཡུལ་སྐོར་བྱེད་པར་ཧ་ཅང་འཚམ་པས་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཁྲུག་ཆ་དོད་དུ་ཕྱིན་ནས་མི་རྣམས་གཅིག་རྗེས་གཉིས་མཐུད་དེ་གར་ཡུལ་སྐོར་དུ་ཡོང་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོའི་ཁྲོད་ལུས་སེམས་ལྷོད་དུ་བབས་ནས་དབྱར་ཀའི་དུས་ཚིགས་བཟང་པོ་ལོངས་སུ་སྤྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།