དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་དུ་ནུབ་རྒྱུད་ཀྱི་སློབ་འབྲིང་སློབ་མའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་ལས་གྲོས་མཐུན་ཐོག་མ་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-31

    ཉིན་ཤས་གོང་། ནུབ་རྒྱུད་ས་ཁུལ་གྱི་སློབ་འབྲིང་སློབ་མའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞིར་སྒོ་བྱང་སྤྲོད་པ་དང་མཉམ་ལས་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་། མཚོ་བོད་ས་མཐོའི་སྐྱེ་དངོས་ལག་རྩལ་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང་ལ་ཀྲུང་གོ་སྐྱེ་དངོས་རྫས་འགྱུར་དང་ཆ་རྡུལ་སྐྱེ་དངོས་རིག་པའི་ལྷན་ཚོགས་ཀྱི་ཞིང་ལས་ཆེད་ལས་ཡན་ལག་ལྷན་ཚོགས་ཀྱིས“ནུབ་རྒྱུད་ས་ཁུལ་གྱི་སློབ་འབྲིང་སློབ་མའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི”ཡི་མིང་བཏགས་པ་རེད། ཀྲུང་གོ་སྐྱེ་དངོས་རྫས་འགྱུར་དང་ཆ་རྡུལ་སྐྱེ་དངོས་རིག་པའི་ལྷན་ཚོགས་ཀྱི་ཞིང་ལས་ཆེད་ལས་ཡན་ལག་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་མཐུན་སྦྱོར་འོག ཚོད་ལྟ་ཁང་དེས་ཟི་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པ་དང་ས་ཡུལ་དངོས་སུ《ནུབ་རྒྱུད་ས་ཁུལ་གྱི་སློབ་འབྲིང་སློབ་མའི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་གི་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད། ད་རེས་ཀྱི་བྱེད་སྒོར་ད་དུང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་སློབ་ཁྲིད་ལག་ལེན་ཡན་ལག་ཨུ་ལྷན་གྱི་རྒྱབ་སྐྱོར་ཐོབ་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཁང་ཀྲེན་ཧྲེང་དང་དེ་བཞིན་རྒྱལ་ཡོངས་ཀྱི་མཐོ་སློབ་མང་པོའི་འབྲེལ་ཡོད་འགན་འཁུར་བ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    ད་རེས་གན་རྒྱ་བཞག་ནས་སྒོ་བྱང་སྤྲོད་པའི་དམིགས་ཡུལ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཚན་རྩལ་སློབ་གསོ་གཞི་གཅིག་ཅན་གྱི་མི་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། སློབ་འབྲིང་སློབ་མའི་གསར་གཏོད་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས་དང་རྨང་གཞིའི་སློབ་གསོ་མཐུད་སྦྲེལ་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་ལམ་བུ་གཏོད་པ། མཚོ་སྔོན་གྱི་རྩེར་སོན་སྐྱེ་དངོས་ཚན་ཞིབ་ལས་སྟེགས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སློབ་འབྲིང་གི་ཚན་རྩལ་གསར་གཏོད་སློབ་གསོར་ཞབས་འདེགས་ཞུ་བའི་ཐད་ཀྱི་སྟོང་ཆ་སྐོང་བ་བཅས་བྱ་ཆེད་རེད། གན་རྒྱ་འཇོག་མཁན་ཕྱོགས་གཉིས་ཀྱིས་དུས་ཡུན་ལོ་གསུམ་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས་སློབ་གྲྭའི་ཕྱི་ནང་གི་མཐུན་སྦྱོར་མི་སྐྱོང་མ་ལག་བཟོས་ཏེ། མཚོ་བོད་ས་མཐོའི་ས་ཁོངས་ཀྱི་ཁྱད་ཆོས་དང་འཚམ་པའི་མཐོ་རིམ་སློབ་འབྲིང་སློབ་མའི་ཚན་ཞིབ་དངོས་སྦྱོང་བྱེད་སྟངས་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་རེད། གྲོས་མཐུན་གཞིར་བཟུང་ཚོད་ལྟ་ཁང་གིས་དུས་བཀག་ལྟར་སྐྱེ་དངོས་ལག་རྩལ་གྱི་ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་ཏེ། ཟི་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པར་ཆེད་ལས་ཚོད་ལྟའི་ལས་སྟེགས་ཀྱི་སྒོ་མོ་འབྱེད་རྒྱུ་རེད། སློབ་གྲྭས་ལོ་ལྟར་ཟླ་9པ་དང་10པར་མཐོ་འབྲིང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་མ་1ནས་2བདམས་ཏེ་ཚོད་ལྟ་ཁང་དུ་བསྐྱོད་ནས། ལོ་གཅིག་རིང་ལས་གཞིར་བརྒྱུད་རིམ་ལྡན་པར་ཞིབ་འཇུག་བྱེད་པ་དང་། “ཚོད་ལྟ་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དང་དེ་ཡན་གྱི་སློབ་དཔོན། སློབ་འབྲིང་གི་རིག་ཚན་དགེ་རྒན་བཅས་ཟུང་དུ་འབྲེལ་བའི”མཛུབ་སྟོན་དགེ་རྒན་གཉིས་ཀྱི་གསོ་སྐྱོང་བྱེད་སྟངས་ལག་བསྟར་བྱེད་ཀྱི་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།