སེམས་པ་གཅིག་ཏུ་སྦྲེལ། འཇོན་ཐང་ཆེ་རུ་བཏང་།

འདི་ནི་སློབ་མ་ཚོས་མའོ་ཙེ་ཏུང་གི་ཟངས་སྐུའི་ཐང་ཆེན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།
ཉེ་ཆར། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཁྲང་ཏེ་ཚོགས་ཆུང་གི་སྤྱི་འདོམས་མཐུན་སྦྱོར་འོག་ལྷུན་རྩེ་རྫོང་གི་གཞི་རིམ་ལས་བྱེད་པ་40ཧུའུ་ནན་ཁྲང་ཏེ་གྲོང་ཁྱེར་ཨུ་ལྷན་ཏང་གི་སློབ་གྲྭར་བསྐྱོད་དེ་དུས་ཡུན་ཉིན་6གི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་ནང་ཞུགས་པ་རེད། 2018ལོར། ལྷུན་རྩེ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཁྲང་ཏེ་གྲོང་ཁྱེར་གྱིས་ལས་བྱེད་པ་དང་ཤེས་ལྡན་པ་གསོ་སྐྱོང་གི་ལས་དོན་རྒྱུན་མཐུད་སྤེལ་ནས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བཙུགས་ཤིང་། མིག་སྔའི་བར། ས་གནས་དེ་གས་རིམ་རྩིས་བརྒྱབ་ན་བོད་སྐྱོར་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་11གཉེར་ནས་གཞི་རིམ་ལས་བྱེད་པ་མི་ཐེངས་467གསོ་སྦྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།