ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ས་མཐོའི་འབྲོག་ཁུལ་གྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་དང་། ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ། དམངས་ཕྱུག་མཐའ་དར་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ་འབྲོག་ཁུལ་དུ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་རྐྱང་ཞིག་རྒྱས་པར་བྱས་ཡོད།
“འབྲོག་ཁུལ་སྒྱུར་བཅོས་ཀྱི་གྲོང་ཚོ་དང་པོ”ཡི་མཚན་སྙན་ཡོད་པའི་འོ་མ་ཤང་འཆམ་གུག་གྲོང་ཚོ་ནི་སྒེར་རྩེ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། སྔོན་མ་འཆམ་གུག་གྲོང་ཚོའི་ཐོན་ལས་ཀྱི་གྲུབ་ཆ་སྣ་གཅིག་ཡིན་ལ། མང་ཚོགས་ཕྱུགས་འཚོས་ནས་འཚོ་ཐབས་བྱེད་པས། ཡོང་འབབ་མང་པོ་མེད་པ་དང་འཚོ་བའི་ཆུ་ཚད་ཀྱང་མཐོ་པོ་དེ་ཙམ་མེད། འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དམག་འཐབ་བཙན་རྫོང་གི་ནུས་པ་གང་ལེགས་བཏོན་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ལེ་དབར་སྟོང་གི་གསར་བརྗེའི་བར་ཁྱམས་རིང་མོ་སྐྲུན་པ་གོ་སྐབས་སུ་བཟུང་སྟེ་གྲོང་ཚོའི་ལོ་རྒྱུས་ཁང་དེ་ཉིད་བར་ཁྱམས་རིང་མོའི་ལྟེ་བའི་གསར་བརྗེའི་སློབ་གསོ་གཏོང་ས་ཞིག་ཏུ་བཏོད་ནས་གསར་བརྗེའི་སློབ་གསོ་དང་འབྲོག་ཁུལ་གྱི་ཉམས་ལེན་ཟུང་འབྲེལ་གྱི་ཁྱད་ལྡན་ཡུལ་སྐོར་བྱེད་སྟངས་གསར་གཏོད་བྱས་ནས་བཏོན་ཡོད། དེ་དང་ཆབས་ཅིག་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གསར་བརྗེའི་བར་ཁྱམས་རིང་མོར་མི་འགྲུལ་མང་བའི་ལེགས་ཆར་བརྟེན་ནས་དམངས་སྲོལ་ཉམས་ལེན་དང་། ཁྱད་ལྡན་བཟའ་བཏུང་། འབྲོག་ཟོག་འགྲེམས་འཚོང་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་བཏང་ཡོད། ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པས། གྲོང་མི་རྣམས་སྒོ་རྩར་ལས་ཞུགས་ཐུབ་པ་དང་རང་ས་དང་ཐག་ཉེ་ས་ནས་འབབ་འཕར་བྱུང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།