2026ལོའི་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ།
ཚེས་28ཉིན། 2026ལོའི་སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལུའོ་མེ་ཡིས་གསུངས་དོན། སྐབས་གསར་པའི་དང་བླངས་པས་ཐོག་མའི་བསམ་འདུན་བརྟན་སྲུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲུང་སྐྱོང་པ་ཧུར་ཐག་བྱེད་པ་དང་། ལས་གནས་སུ་གཞི་ཚུགས་ནས་དངོས་སྒྲུབ་ལ་སྣང་ཆེན་གྱིས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པ་ཧུར་ཐག་བྱེད་པ། ལས་འགན་སྒྲུབ་སེམས་འཆང་བཞིན་ས་གཙང་བསྲུངས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྲུང་སྐྱོང་པ་ཧུར་ཐག་བྱེད་པ། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་བཅངས་ནས་ལས་འགན་བསྒྲུབས་ཏེ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལག་ལེན་པ་ཧུར་ཐག་བྱེད་པའི་རེ་བ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2003ལོར་རྣམ་གྲངས་ལག་ལེན་བསྟར་ཚུན། ཁག་23གྱི་གཞོན་ནུ་སློབ་མའི་དང་བླངས་པ་ཁྲི་1.5ལྷག་ཙམ་གྱིས་སྔ་རྗེས་སུ་བོད་དུ་ཞབས་འདེགས་ཞུས་ཤིང་། ཞབས་ཞུའི་དུས་ཡུན་ཐིམ་པའི་དང་བླངས་པ་4000ལྷག་ཙམ་མུ་མཐུད་བོད་དུ་བསྡད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་མཁན་གྱི་སྟོབས་ཤུགས་གསར་པར་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།