དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “བོད་ཀྱི་ལྡེབས་རིས་ཕྱོགས་བསྡུས”ཀྱི་དཔེ་ཚོགས་དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-30

    ཧུའུ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་སོགས་རིག་དངོས་གནའ་རྫས་རྟོག་ཞིབ་ཚན་པ་9ཡིས་དུས་ཡུན་ལོ་བཅུ་ཙམ་སྤྱད་ནས་ལེགས་སྒྲུབ་བྱས་པའི“བོད་ཀྱི་ལྡེབས་རིས་ཕྱོགས་བསྡུས”ཀྱི་དཔེ་ཚོགས་ཉེ་ཆར་ཚན་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད། དཔེ་ཚོགས་དེར་བམ་པོ་ཆ་ཚང་6དང་དེབ་7ཡོད་པའི་ནང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་དགོན་སྡེ་དང་། མི་སེར་གྱི་སྡོད་ཁང་། གཞིས་ཀ་སོགས་ཀྱི་ལྡེབས་རིས་280ཚུད་ཡོད། ལས་དོན་པས་གནའ་རྫས་རྟོག་ཞིབ་རིག་པའི་ཐབས་ལ་བརྟེན་ནས་བོད་ཀྱི་ལྡེབས་རིས་ཀྱི་བར་མཐོངས་ཀྱི་ཁྱབ་ཚུལ་དང་ཉར་ཚགས་གནས་ཚུལ་ཐོ་འགོད་བྱས་ཐོག་ལྡེབས་རིས་བརྗོད་བྱར་བྱས་པའི་བརྙན་རིས་རིག་པའི་དབྱེ་ཞིབ་དང་རི་མོའི་ཉམས་འགྱུར་ལོ་རྒྱུས་གསེད་བཀྲོལ་སྣོལ་མར་བྱས་ཏེ་བོད་ཀྱི་ལྡེབས་རིས་ཀྱི་སྤྱི་ཡོངས་ཀྱི་རྣམ་པ་མངོན་ཡོད། ལྷག་པར་དུ་ཐག་རིང་དུ་གནས་པའི་དགོན་སྡེ་ཆུང་གྲས་དང་བྲག་ཕུག་ལྡེབས་རིས་ཀྱི་དཔྱད་གཞི་ཉར་ཚགས་བྱས་པ་དེ་དག་རིན་ཐང་ཧ་ཅང་ཆེན་པོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།