དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅིན་ཀྲེང་ཨེན་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་མཇལ་ཁར་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོང་དབྱང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཁྲའོ་ཞན་གྱི་མེས་རྒྱལ་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་73འཁོར་བའི་མཚམས་སུ། ཚེས་26ཉིན་ཕིན་ཨན་ནན་ཏའོ་ཧུའེ་ཚང་ཅུན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་སྔོན་གཤེགས་དཔའ་བོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། ཅིན་ཀྲེང་ཨེན་གྱིས་ངག་བསྡམས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་དང་འབྲེལ། མའོ་ཨན་དབྱིང་གི་བང་སོའི་མདུན་དུ་ཕེབས་ནས་མྱ་ངན་ཞུས་པ་དང་མེ་ཏོག་སོས་པ་ཕུལ་ཏེ་གུས་འདུད་ཞུས་གནང་བ་རེད། གནས་ཚུལ་སྤེལ་བ་ལྟར་ན། ཅིན་ཀྲེང་ཨེན་གྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་ཕྲེང་བ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཐོ་ལྕོག་མདུན་དུ་བཞག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།