ཅང་སུའུ་ཐའེ་ཚང་དུ་རླངས་འཁོར་ཕྱིར་གཏོང་གི་ལས་བྲེལ་ཆེ་བ།

ནན་ཅིང་འགག་སྒོའི་ཁོངས་གཏོགས་ཀྱི་ཐའེ་ཚང་འགག་སྒོའི་གྲངས་གཞི་ལས་མངོན་པར། 2026ལོའི་ཟླ་དང་པོ་ནས་དྲུག་པའི་བར། ཐའེ་ཚང་འགག་སྒོས་རླངས་འཁོར་ཁྲི་65ཙམ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་166ལ་ཕྱིར་གཏོང་བྱས་པ་དང་། ཕྱིར་གཏོང་བྱེད་འབོར་དུས་མཚུངས་ལས་71%ཙམ་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
འདི་ནི་ཟླ་7ཚེས་27ཉིན། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་ཀང་ཐའེ་ཚང་གྲུ་ཁའི་ཁུལ་དུ་པི་ཡ་ཏི“ཅི་ནན་རྟགས་ཅན”གྱི་ཆེད་ལས་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས་ནང་ཡོ་རོབ་ཏུ་ཕྱིར་གཏོང་གི་ནུས་གསར་རླངས་འཁོར་བླུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།