ཐད་གཏོང་ཟོག་ཚོང་བྱས་ནས་ཞིང་པར་འབབ་འཕར་ཡོང་ཐབས་བྱས་པ།

མིག་སྔར་རྒུན་འབྲུམ་དང་། ཤིས་ཀྭ ལི་སོགས་ཞིང་ལས་ཐོན་རྫས་འཐུ་བའི་དུས་སུ་སླེབས་པ་དང་། ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གིས་ན་གཞོན་ཏང་ཡོན་དང་། ཞིང་ལས་ལག་རྩལ་པ། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་སོགས་ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ཏེ“ཐད་གཏོང་ཟོག་ཚོང་བྱས་ནས་ཞིང་པར་རོགས་རམ་བྱེད་པའི་སྤྱི་ཕན་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་ཏེ་ཞིང་པར་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་རོགས་དང་། འབབ་འཕར་ལ་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱས་པ་རེད།
འདི་ནི་ཉེ་ཆར་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་སི་ཏིང་གྲོང་རྡལ་སན་ཕོ་གྲོང་ཚོའི་རྒུན་འབྲུམ་དྲོད་ཁང་ཆེ་མོའི་ནང་ཀོང་ཤིས་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང་ཞིང་དུད་ཀྱིས་ཐད་གཏོང་བྱས་ནས་ཞིང་པར་རྒུན་འབྲུམ་འཚོང་རོགས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།