ལོ་སྟོད་དུ་ཀྲུང་ལོ་ལྕགས་ལམ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་ཟོག་ཐང་སྒོར་དུང་ཕྱུར་171.7ཟིན་པ།
དུས་མཚུངས་ལས་33.8%འཕར་བ།
གསར་འགོད་པར་ཁུན་མིང་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་མེང་ལ་འགག་སྒོ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ། ཀྲུང་ལོ་ལྕགས་ལམ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱས་པའི་ཟོག་ཐང་སྒོར་དུང་ཕྱུར་171.7ཟིན་པ་དེ་དུས་མཚུངས་ལས་33.8% འཕར་ནས། རྒྱལ་སྒྲོལ་ཚོང་དོན་མུ་མཐུད་འཁྲུག་ཆ་དོད་པོ་བྱུང་ཡོད།
ནང་འདྲེན་ཐད། ཤིང་ཏོག་ལིའུ་ལེན་དང་། ཤིང་ཏོག་ཧྲན་ཀྲུའུ། ཤིང་ཏོག་འབྲུག་མིག་སོགས་ཚ་ཁུལ་གྱི་ཤིང་ཏོག་སོས་པ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་42.2ཟིན་པ་དེ་དུས་མཚུངས་ལས་25.8%འཕར་བ་དང་། ཕྱིར་གཏོང་ཐད། ནུས་གསར་རླངས་འཁོར་དང་འོད་ཤུགས་ཐོན་རྫས་སོགས“ཐོན་གསར་གསུམ”གྱི་ཐོན་རྫས་ཀྱི་ཕྱིར་གཏོང་ཟོག་ཐང་སྒོར་དུང་ཕྱུར་21.4ཟིན་པ་དེ་དུས་མཚུངས་ལས་ལྡབ་3.5འཕར་བ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་B2B(ཁེ་ལས་དང་ཁེ་ལས་དབར)ཡི་ཕྱིར་གཏོང་ཟོག་ཐང་དུས་མཚུངས་ལས་ལྡབ་1.2འཕར་ནས། ཕྱིར་གཏོང་འཕར་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།
ད་ལོའི་ཟླ་6ཚེས་30ཉིན་བར། རིམ་རྩིས་བརྒྱབ་ན། ཀྲུང་ལོ་ལྕགས་ལམ་ནས་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཁྲི་2.2ལྷག་ཙམ་བཏང་བར། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་1935.3ཟིན་པ་དང་ཟོག་ཐང་སྒོར་དུང་ཕྱུར་902.8ཟིན་ཡོད། ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་གི་རིགས་ཀྱང་ལྕགས་ལམ་ཤར་གཏོང་ཐུབ་མ་ཐག་གི་རིགས་10ལྷག་ཙམ་ནས་ནུས་གསར་རླངས་འཁོར་དང་། ཚ་ཁུལ་གྱི་ཤིང་ཏོག དྲོ་གྲང་སྙོམས་པའི་སྔོ་ཚལ། ཀྲུང་ལུགས་སྨན་རྒྱུ་སོགས་རིགས་3900ལྷག་ཙམ་བར་མང་དུ་ཕྱིན་པ་དང་། རྒྱལ་ཁབ་དང་ས་ཁུལ་19ལ་ཁྱབ་པ་མ་ཟད། རྒྱལ་ནང་གི་ཕྱི་ཕྱོགས་ཚོང་དོན་གྱི་གཉེར་སྐྱོང་བྱེད་པོ་7000ལྷག་ཙམ་ལའང་ཞབས་འདེགས་ཐུབ་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གཉིས་ཕན་གཉིས་ཁེའི་དཔལ་འབྱོར་ཚོང་དོན་གྱི་རྣམ་པ་གསར་པ་གང་མགྱོགས་གྲུབ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།