དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐང་ཧྲན་དུ་ས་ཡོམ་བརྒྱབ་ནས་ལོ་ངོ་50འཁོར་བར་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-30

    འདི་ལོའི་ཟླ་7ཚེས་28ཉིན་ནི་ཐང་ཧྲན་དུ་ས་ཡོམ་བརྒྱབ་ནས་ལོ་ངོ་50འཁོར་བའི་ཉིན་མོ་ཡིན་ཞིང་། ཉིན་དེར་ཐང་ཧྲན་གྲོང་ཁྱེར་ཡོངས་ཀྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཡོད།

    ཐང་ཧྲན་ས་ཡོམ་རྗེས་ཤུལ་གྱི་དྲན་གསོའི་སྤྱི་གླིང་དུ་ཐང་ཧྲན་གྱི་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་དྲན་གསོའི་གྱང་ངོས་སུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཁྲི་24ལྷག་ཙམ་གྱི་མིང་བརྐོས་ཡོད་པ་དང་གྱང་གི་མཐོ་ཚད་ལ་སྨི་7.28ཡོད་པ་དེས་ཟླ་7ཚེས་28ཉིན་གྱི་དུས་ཚོད་མཚོན་གྱི་ཡོད། གྱང་གི་རིང་ཚད་ལ་སྨི་19.76ཡོད་པ་དེས་1976ལོ་མཚོན་གྱི་ཡོད། ཉིན་ཤས་བསྟུད་མར་དྲན་གསོའི་གྱང་གི་འོག་ཏུ་མེ་ཏོག་སྣ་ཚོགས་ཕུལ་ཡོད་པ་མ་ཟད་མྱ་ངན་ཞུ་བའི་ཆ་ཡིག་ཀྱང་བཀལ་ཡོད། གྲོང་མི་ཚོས་ངག་བསྡམས་ནས་ས་ཡོམ་ནང་རྐྱེན་ལམ་ཤོར་མཁན་ཚོར་མྱ་ངན་ཞུས་པ་རེད།

    འདི་ནི་ཟླ་7ཚེས་28ཉིན་གྲོང་མི་ཚོས་མེ་ཏོག་སོས་པ་ཕུལ་ནས་མྱ་ངན་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།