དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་དམངས་སྲིད་ཅུས་ཀྱིས།

    རྒན་གསོའི་ཞབས་ཞུ་སྒྲིག་གཞིའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-30

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མཉམ་དུ་རྒན་གསོའི་ཞབས་ཞུ་སྒྲིག་གཞིའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་ཁག་གི་བཟའ་བཅའི་བདེ་འཇགས་དོ་དམ་མི་སྣ་དང་རྫོང་དང་ཆུས་ཁག་གི་འབྲེལ་ཡོད་ལས་དོན་མི་སྣ་གསོ་སྦྱོང་ལ་ཞུགས་ནས་རྒན་གསོའི་སྒྲིག་གཞིའི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་ས་གནས་ས་ཐོག་ཏུ་སློབ་སྦྱོང་དང་བརྙན་ལམ་སློབ་ཁྲིད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་། གསོ་སྦྱོང་ལ་ཞུགས་མཁན་ཚོ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གི་ཟ་ཁང་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་སློབ་སྦྱོང་བྱས་པ་དང་། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་སྒོའི་རྐང་འཛིན་པས་བཟའ་བཅའི་རྒྱུ་ཆ་ཞིབ་བཤེར་དང་། གསོག་ཉར་ལས་སྣོན། གསོལ་ཆས་དུག་སེལ། བཟའ་བཅའི་མ་དཔེ་ཉར་བ། ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་བཀོལ་སྤྱོད་བརྒྱུད་རིམ་རེ་རེ་བཞིན་ཚད་ལྡན་དུ་བཏང་སྟེ་རྒྱུན་གཏན་དོ་དམ་གྱི་གཙོ་གནད་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་དམིགས་སའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་ཆེན་པོ་ལྡན་ནས་རྒན་གསོའི་སྒྲིག་གཞིའི་བཟའ་བཅའི་བདེ་འཇགས་དོ་དམ་གྱི་ཞན་ཆ་ནུས་ལྡན་བསལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།