ཆབ་མདོ་གྲོང་ཁྱེར་གྱིས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་འཆར་འགོད་བཟོས་པ།
མིག་སྔའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཁྲོད་གནད་ལ་འཁེལ་ཚད་མི་འདང་བ་དང་། དཔེ་སྟོན་བྱེད་རྒྱ་ཆེན་པོ་མེད་པ། ལམ་སྲོལ་གྱི་ནུས་པ་ཆེན་པོ་མེད་པ་བཅས་ཀྱི་ཞན་ཆ་སེལ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ལ་སྐུལ་འདེད་བཏང་ཡོད།
འཆར་འགོད་ནང“སྦྱར་ཡིག་རྣམ་པའི”འཛུགས་གཏོད་ཀྱི་ཐབས་ཤེས་རྙིང་པར་འགྱུར་ལྡོག་བཏང་སྟེ་དམར་མདངས་ཆབ་མདོ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ཏེ་ཕྱོགས་གཅིག་ནས་ཁ་རུབ་གནའ་ཤུལ་དང་། ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་ཐིག་བཅས་དང་རྒྱལ་ལམ་214དང་། 318 317 349བཅས་ཀྱི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་བཙུགས་ཏེ“རྗེས་ཤུལ་གཅིག་དང་། གནའ་ལམ་གཉིས། རྒྱལ་ལམ་བཞི”བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བར་ཁྱམས་བཏོད་ནས་མང་ཚོགས་ཚོར“ལོ་རྒྱུས་ལྔའི”སློབ་གསོ་རེག་རྒྱུ་ཡོད་ལ་མཐོང་རྒྱུ་ཡོད་པའི་སྒོ་ནས“ལོ་རྒྱུས་ལྔའི”སློབ་གསོ་སེམས་ལ་ཟུག་པ་བྱས་ཡོད། ཕྱོགས་གཞན་ཞིག་ནས་ཏང་འཛུགས་སྐྱོང་དང་བརྟན་པོ་འཛུགས་པ་མཉམ་འདྲེས་ཀྱི་ལམ་སྲོལ་བཙུགས་ཏེ་ལས་བྱེད་པ་ཆིག་སྟོང་གྲོང་ཚོ་ཆིག་སྟོང་ལ་བཅའ་སྡོད་བྱེད་པའི་ལས་སྟེགས་ལ་བརྟེན་ནས་མང་ཚོགས་ཀྱིས་དང་ལེན་བྱེད་འདོད་པ་དང་། གོ་བདེ་བ། བློ་ཁ་གཅིག་མཐུན་བཅས་ཀྱི་བྱ་ཐབས་སྤྱད་དེ་ལོ་རྒྱུས་ཀྱི་རྩིས་རྒྱག་པ་དང་། འཕེལ་རྒྱས་ཀྱི་རྩིས་རྒྱག་པ། དམངས་འཚོའི་རྩིས་རྒྱག་པ་བཅས་ལ་བརྟེན་ནས་མང་ཚོགས་ལ་ཆབ་མདོའི་ལོ་70ལྷག་ཙམ་རིང་གི་འཕོ་འགྱུར་ཆེན་པོའི་ཁྲོད་ནས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཚོར་བར་ཁྲིད་སྟོན་བྱས་ཏེ་གཞན་སྐུལ་གྱི་དང་ལེན་ནས་རང་འགུལ་གྱི་མོས་སེམས་ལ་འགྱུར་བར་བྱས་ཡོད།
དཔེ་སྟོན་ཚན་པའི་གྲངས་འབོར་ཅུང་ཉུང་བ་དང་འཛུགས་གཏོད་དོ་སྙོམས་མེད་པའི་གནད་དོན་ལ་དམིགས་ནས་འཆར་འགོད་ནང“ཁྱབ་རྒྱ་ཆེ་རུ་དང་ཚད་གཞི་མཐོ་རུ་གཏོང་བའི”བྱ་སྤྱོད་འཆར་འགོད་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚད་ལེན་དཔྱད་བསྡུར་གྱི་དམིགས་ཚད་མ་ལག་ལ་གཞིགས་ནས་ལོ་འཁོར་དབྱེ་སྟེ་ལས་ཀའི་གཙོ་གནད་བཟོས་པ་དང་། འཛུགས་གཏོད་ཐུབ་མེད་པའི་རྫོང་དང་ཆུས་ལ་ལས་རིམ་གསལ་འགོད་བྱས་པ། ལས་ཁུངས་དང་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་འགག་སྒྲོལ་གཙང་སེལ་བཅས་བྱས་ཡོད། དེ་དང་ཆབས་ཅིག་མཉམ་སྐྲུན་མཉམ་གཏོད་རྣམ་པ་གཏིང་ཟབ་ཏུ་བཏང་སྟེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དང་ཟུང་འབྲེལ་གྱིས་ས་ཁོངས་དང་ལས་རིགས་ཀྱི་བཀག་རྒྱ་ལས་སྒྲོལ་ཏེ་ལོ་ལྟར་འཛུགས་གཏོད་ལས་དོན་གྱི་ས་གནས་ས་ཐོག་གི་ལྟ་སྦྱོང་སྤེལ་རེས་ཚོགས་འདུ་འཚོགས་པ་དང་། ཕན་ཚུན་ལྟ་ཞིབ་དང་ཞིབ་བཤེར་བྱས་པ་བརྒྱུད་རྗེས་ལུས་ཐེབས་པའི་ཚན་པར་ཁྱད་ཆོས་སྔོག་འདོན་བྱེད་དགོས་པའི་སྐུལ་མ་བཏང་སྟེ་རྫོང་རེར་སྤུས་རྟགས་རེ་དང་། ཤང་རེར་ཁྱད་ཆོས་རེ། གྲོང་ཚོ་རེར་གཞི་རྟེན་རེ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱས་ནས“གྲོང་ཁྱེར་དུ་ཚ་རླབས་འཕྱུར་བ་དང་ཤང་དུ་སྣང་བ་དེ་ཙམ་མི་གཏོང་བའི”གནས་ཚུལ་ལ་འགྱུར་ལྡོག་བཏང་ཡོད།
འཆར་འགོད་ནང་འཛུགས་གཏོད་ལས་དོན་དེ“ལས་འགན”ནས“གཅུན་སྡོམ་ནན་པོར”བསྒྱུར་བར་སྐུལ་འདེད་བཏང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་དམ་པོར་གཞིགས་ནས་ས་གནས་ཀྱི་ཁྲིམས་འཛུགས་བརྟག་ཞིབ་བྱེད་འགོ་བཙུགས་ཏེ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ཁྲོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་ནས་འཛུགས་གཏོད་ལས་དོན་དེ་མི་རིགས་ལས་དོན་སྡེ་ཚན་གྱི་དོན་དག་ནས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་གི་འགན་འཁྲིར་རིམ་སྤོར་བྱས་ཡོད། “གསོ་སྐྱོང་དང་། མཐོར་གཏོང་། ཁྱབ་གདལ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་དོན་གྱི་ལམ་སྲོལ་བཙུགས་ནས་ལེགས་འདེམས་སྐྱེད་སྲིང་ཁག་གཅིག་དང་། འོས་སྦྱོར་རེ་ཞུ་ཁག་གཅིག སྲ་བརྟན་མཐོར་གཏོང་ཁག་གཅིག་བཅས་ཀྱི“ཁག་གཅིག་བྱས་པ་གསུམ”གྱི་བྱ་ཐབས་བཏོན་ནས་བྱང་བུ་རག་མ་ཐག་འཛུགས་གཏོད་མཇུག་འགྲིལ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། དཔེ་སྟོན་ཚན་པ“གཞི་ཆགས་ཐུབ་པ་དང་། སྐད་གྲགས་ཆོད་པ། ཞིབ་བཤེར་ཚད་ལོན་པ”བཅས་ཡོང་བའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།