དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

    ཕྱིར་སྡོད་རང་མིའི་ནུས་སེམས་སྔར་བས་གཅིག་སྒྲིལ་ཡག་པོ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་དགོས།

    ཝང་ཧུའུ་ཉིང་རྒྱལ་ཡོངས་ཕྱིར་སྡོད་རང་མིའི་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-30

    ■ ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱིར་སྡོད་རང་མིའི་ལས་དོན་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི་བཅས་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ■ རྒྱང་ལམ་གསར་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་ཐད་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་བཅས་བྱས་ནས། ཕྱིར་སྡོད་རང་མིའི་ནུས་སེམས་སྔར་བས་གཅིག་སྒྲིལ་ཡག་པོ་བྱས་ཏེ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཁྱིམ་ཞེན་རྒྱལ་ཞེན་ཟབ་ཏུ་གཏོང་བ། དམིགས་བསལ་གྱི་ལེགས་ཆ་འདོན་པ་དང་བྱས་རྗེས་དེ་བས་ཆེ་བ་འཇོག་པ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱིར་སྡོད་རང་མིའི་ལས་དོན་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི་བཅས་ལ་མཐུན་སྒྲིལ་སྐུལ་སློང་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་ཐད་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་བཅས་བྱས་ནས། ཕྱིར་སྡོད་རང་མིའི་ནུས་སེམས་སྔར་བས་གཅིག་སྒྲིལ་ཡག་པོ་བྱས་ཏེ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཁྱིམ་ཞེན་རྒྱལ་ཞེན་ཟབ་ཏུ་གཏོང་བ། དམིགས་བསལ་གྱི་ལེགས་ཆ་འདོན་པ་དང་བྱས་རྗེས་དེ་བས་ཆེ་བ་འཇོག་པ། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་ཞབས་འདེགས་ཧུར་ཐག་ཞུ་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།

    རྒྱལ་ཡོངས་ཕྱིར་སྡོད་རང་མིའི་ལས་དོན་ཚོགས་འདུ་ཟླ་7ཚེས་27ཉིན་ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ཅིང་། ཉེ་ཆར་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི་བཅས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ཀྲུང་ཕྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཕྱིར་སྡོད་རང་མིས་ནུས་སེམས་གཅིག་སྒྲིལ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་ལ་སྐུལ་འདེད་གཏོང་བའི་ཐད་ལས་འགན་དང་བླང་བྱ་བཏོན་གནང་བ་ལས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཝང་ཧུའུ་ཉིང་གིས་གསུངས་དོན། ཕྱིར་སྡོད་རང་མིའི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་རེད། དུས་རབས་གསར་པ་ཤར་ཚུན། ཕྱིར་སྡོད་རང་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུས་ཡོད། རྒྱང་ལམ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྤྱོད་དང་ཐུན་མོང་མངོན་འགྱུར་བྱེད་པའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ་ཕན་ཚུན་གཅིག་གྱུར་དང་། རྒྱལ་ནང་གི་ཕྱིར་སྡོད་རང་མིའི་ལས་དོན་དང་རྒྱལ་ཕྱིའི་ཕྱིར་སྡོད་རང་མིའི་ལས་དོན་ཕན་ཚུན་གཞོགས་འདེགས། ཐོན་ཁུངས་གསོ་འཁྱོངས་དང་ནུས་པ་འདོན་རྒྱུ་ཕན་ཚུན་སྤྱི་འདོམས་བཅས་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཕྱིར་སྡོད་རང་མིའི་ལས་དོན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ནང་མི་བཅས་ལ་དེ་བས་ལེགས་པའི་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མེས་རྒྱལ་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཕྱིའི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ཁོང་ཚོས་ནུས་པ་སྔར་ལས་ཆེ་བ་འདོན་པར་ཁྲིད་སྟོན་དང་སྐུལ་ལྕག་གཏོང་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཕྱོགས་སྡོམ་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དོན་སྙིང་གལ་ཆེན་དང་། དུས་རབས་ཀྱི་རིན་ཐང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་བྱེད་པར་དམ་འཛིན་ཡག་པོ་བྱེད་པ། མཐུན་སྒྲིལ་འབད་བརྩོན་གྱི་གཞི་རྩ་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་ཕྱིར་སྡོད་རང་མིའི་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་མུ་མཐུད་འབད་བརྩོན་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུས་ནས་ཕྱར་བ་གྲུ་འདེགས་ཀྱིས་དུས་རབས་གསར་པའི་ཕྱིར་སྡོད་རང་མིའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བརྗོད་ཡོད།

    ཀྲེ་ཅང་ཞིང་ཆེན་དང་། ཧྥུའུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཡུན་ནན་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཕྱི་འབྲེལ་པུའུ། སློབ་གསོ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་། ཝུའུ་ཀྲེང་ལུང་། ཤན་ཧུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་ཀྱི་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཁག་གཅིག མཐོ་སློབ་ཁག་གཅིག ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།