དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-30

    ཟླ་7ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་བ།

    ཟླ་7ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེ་ལེ་ཀེ་ལི་ཉི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།

    ཟླ་7ཚེས་28ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སི་ལོ་ཝ་ཁེ་ཡའི་ཙུང་ཐུང་ཕེ་ལེ་ཀེ་ལི་ཉི་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། སི་ལོ་ཝ་ཁེ་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། ཀྲུང་གོ་དང་སི་ལོ་ཝ་ཁེ་ཡ་གཉིས་པོའི་མཛའ་གྲོགས་ཧ་ཅང་ཟབ་མོ་ཡོད། 2024ལོར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཉིད་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤར་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ། སྲོལ་རྒྱུན་མཛའ་གྲོགས་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁེ་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། འདྲ་མཉམ་གཉིས་ཕན། བརྟན་ལྷིང་འགྱུར་མེད་བཅས་ཀྱི་ཀྲུང་སིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་མཚམས་རྗེས་མར་ཕྱོགས་གཉིས་པོས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་ཆོག་པ་སྟེ། གཅིག་ནི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཀྲུང་སི་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་སྒྲིག་སྲོལ་མི་འདྲ་ནའང་། ཕྱོགས་གཉིས་པོས་རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་། མཛའ་མཐུན་མཉམ་ལས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱེད་པ་དེ་ནི་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་ཡག་པོ་དང་མྱུར་པོ་འགྲོ་བའི་རྨང་གཞི་རེད། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། སི་ལོ་ཝ་ཁེ་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མུ་མཐུད་ལྟ་སྐྱོང་གང་ལེགས་བྱེད་འདོད་ཡོད། གཉིས་ནི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སི་ལོ་ཝ་ཁེ་ཡ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཧུར་ཐག་ཞུགས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་སྔར་བས་ཡག་པོ་སྤྱད་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། འཕྲུལ་མི་བཟོ་སྐྲུན། མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་དང་མདུན་ཕྱོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་དེ་བས་མང་བ་གཏོད་དགོས། གསུམ་ནི་དམངས་སེམས་གཅིག་མཐུན་ཡོང་བ་བྱས་ནས་སྲོལ་རྒྱུན་གྱི་མཛའ་གཅུགས་མུ་མཐུད་ཟབ་ཏུ་གཏོང་དགོས། རིག་གནས་དང་། ལུས་རྩལ། ཡུལ་སྐོར། གཞོན་ནུ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་སྤེལ་རེས་བྱེད་པར་མུ་མཐུད་སྐུལ་ལྕག ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིང་རྒྱུས་མངའ་ཟབ་ཏུ་གཏོང་བ་དང་མཛའ་མཐུན་ཡོང་བ་བཅས་བྱེད་དགོས། བཞི་ནི་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྒྱུར་བཅོས་དང་དེ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་མ་གཏོང་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་གོ་སྐབས་གསར་པ་གལ་ཆེན་འཕྲད་ཡོད་ལ། འགྲན་སློང་མི་ཉུང་བ་ཡང་འཕྲད་ཡོད། འགྲན་སློང་གོ་སྐབས་སུ་འགྱུར་ཐུབ་མིན་གྱི་འགག་རྩ་ནི་འདྲ་མཉམ་གྲོས་མོལ་དང་མཐུན་ཆ་མཉམ་དུ་བསྡུ་བ་དང་མི་མཐུན་པའི་ཆ་སེལ་བར་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་རོགས་ཟླར་བརྩིས་ནས། ལྷག་བསམ་རྣམ་དག་དང་ཀུན་སློང་བཟང་པོས་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བཞིན་ཡོད། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཐུན་མོང་ངོས་འཛིན་ལ་དམིགས་པ་དང་། འགལ་ཟླ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རེ་བྱེད་ཀྱི་ཡོད།

    ཕེ་ལེ་ཀེ་ལི་ཉི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཟོས་པ་དང་འབྲེལ་མུ་མཐུད་ལག་ལེན་བསྟར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ནུས་པར་མི་རྣམས་ཀྱིས་བརྩི་འཇོག་བྱེད་འོས་པ་དང་དཔྱད་གཞིར་འཛིན་རིན་ཡོད། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྩི་མཐོང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད། ཀྲུང་གོ་ཕྱོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཛའ་གཅུགས་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། འཕྲུལ་མི། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་པའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་སི་ལོ་ཝ་ཁེ་ཡར་མ་འཇོག་མཉམ་ལས་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ངོས་ནས། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གླེང་མོལ་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་ཐོག་བཏོན་གནང་བའི་འདུ་ཤེས་དང་གྲོས་འགོར་སི་ལོ་ཝ་ཁེ་ཡ་ཕྱོགས་ཀྱིས་མོས་མཐུན་རྦད་དེ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། དེ་ཉིད་ཀྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་དངོས་འབྲེལ་སྐྲུན་ཐུབ་པ་བྱེད་འདོད་ཡོད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེ་ལེ་ཀེ་ལི་ཉི་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    ཕེ་ལེ་ཀེ་ལི་ཉི་ཕེབས་འབྱོར་ཟིན་སྐབས། གུས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་ཀྲུང་སི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཕེ་ལེ་ཀེ་ལི་ཉི་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ནས་རྣམ་འབྱེད་རུ་སྟར་ལ་གཟིགས་པ་རེད།

    དེ་ཉིན་ཉིན་དགུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེ་ལེ་ཀེ་ལི་ཉི་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།