དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་ཐག་གཅོད་ལས་རིམ་སྐོར་གྱི་གཏན་འབེབས་འགའ་ཞིག》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་ཐག་གཅོད་ལས་རིམ་སྐོར་གྱི་གཏན་འབེབས་འགའ་ཞིག》(གཤམ་དུ《གཏན་འབེབས་འགའ་ཞིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་། གཏན་འབེབས་བཀྲམ་པའི་ཉིན་དེ་ནས་བཟུང་ལག་བསྟར་བྱེད་འགོ་ཚུཌ་པ་རེད།

    《གཏན་འབེབས་འགའ་ཞིག》བཀྲམ་པའི་དམིགས་ཡུལ་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་འཛིན་བསྐྱར་གྲོས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བ་དང་། དེ་བཞིན་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་བཏང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་འབྲེལ་ཡོད་ཐག་གཅོད་ལས་རིམ་སྔར་བས་ཚད་ལྡན་དུ་གཏོང་ཆེད་རེད། ནང་དོན་ཆ་ཚང་ལ་དོན་ཚན་10ཡོད་པ་དང་ནང་དོན་གཙོ་བོ་གཤམ་གསལ་ཏེ།

    གཅིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྐྱོང་སྡེ་ཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་བཏོན་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འོག་རིམ་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་རྒྱུ་མཚན་ཡང་དག་མེད་བཞིན་དུ་བདག་སྤྲོད་མ་བྱས་པ་དང་། རེ་ཞུ་ཕྱིར་བསློགས་པའམ་ཡང་ན་བདག་སྤྲོད་བྱས་རྗེས་སྲིད་འཛིན་བསྐྱར་གྲོས་ཀྱི་དུས་བཀག་ལས་བརྒལ་ཡང་ལན་མ་བཏབ་པའི་སྲིད་འཛིན་བསྐྱར་གྲོས་ལ་ལྟ་སྐུལ་རེ་ཞུ་བྱེད་པའི་དབང་བསྐུར་ཡོད།

    གཉིས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་སྲིད་འཛིན་རྩོད་གཞི་སྔོན་ལ་འདུམ་འགྲིག་དང་། འདུམ་གཅོད། བར་འདུམ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྐྱོང་སྡེ་ཚན་གྱིས་འདུམ་འགྲིག་ལས་དོན་སྤེལ་བར་གཞོགས་འདེགས་ཧུར་ཐག་བྱས་ཏེ། སྲིད་འཛིན་རྩོད་གཞི་དག་སྲིད་འཛིན་བསྐྱར་གྲོས་ཀྱི་ལས་རིམ་ནང་འདུམ་གཅོད་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

    གསུམ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྐྱོང་སྡེ་ཚན་གྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་མཛུབ་ཁྲིད་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྲིད་འཛིན་བསྐྱར་གྲོས་ཀྱི་བཅའ་ཁྲིམས་སྤྱད་འཐུས་གནད་དོན་ལ་ལན་འདེབས་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། སྲིད་འཛིན་བསྐྱར་གྲོས་དེ་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་དང་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྲིད་འཛིན་དབང་ཆ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།