དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-29

    ད་ལོ་ཚུན་དུ། རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་ཞིང་། ཟླ་དང་པོ་ནས་དྲུག་པའི་བར། རིམ་རྩིས་བརྒྱབ་ན་དོམ་ཁྲ་བུན་ལོར་སྒོར་དུང་ཕྱུར་1600.3འགྲེམས་སྤེལ་བྱས་པ་དང་། དངུལ་ཁང་དབར་གྱི་བུན་ལོར་ཁྲོམ་རར་ཞུགས་མཁན་ཕྱི་རྒྱལ་གྱི་སྒྲིག་གཞི་གསར་པ་21མང་དུ་ཕྱིན་ཡོད།

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོ་ཚུན་དུ། རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་ཞིང་། ཟླ་དང་པོ་ནས་དྲུག་པའི་བར། རིམ་རྩིས་བརྒྱབ་ན་དོམ་ཁྲ་བུན་ལོར་སྒོར་དུང་ཕྱུར་1600.3འགྲེམས་སྤེལ་བྱས་པ་དང་། དངུལ་ཁང་དབར་གྱི་བུན་ལོར་ཁྲོམ་རར་ཞུགས་མཁན་ཕྱི་རྒྱལ་གྱི་སྒྲིག་གཞི་གསར་པ་21མང་དུ་ཕྱིན་ཡོད།

    དོམ་ཁྲ་བུན་ལོར་ནི་མངའ་ཁོངས་ཕྱིའི་སྒྲིག་གཞིས་ཀྲུང་གོའི་མངའ་ཁོངས་ནང་འགྲེམས་སྤེལ་བྱས་པ་གང་ཞིག མི་དམངས་ཤོག་སྒོར་གྱིས་རིན་རྩིས་རྒྱག་པའི་མ་སྐྱེད་འཇལ་སྤྲོད་ཀྱི་བུན་ལོར་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་བུན་ལོར་ཁྲོམ་ར་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། རྒྱལ་མཚམས་བསྒྲལ་ནས་མི་དམངས་ཤོག་སྒོར་གྱི་མ་དངུལ་བསྡུ་སྒྲིལ་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཀྱང་རེད། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་དངུལ་རྩའི་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག དོམ་ཁྲ་བུན་ལོར་ཁྲོམ་ར་ཉིན་བཞིན་འཁྲུག་ཆ་དོད་དུ་ཕྱིན་པ་དང་། ལམ་ལུགས་བཀོད་སྒྲིག་སྔར་བས་རྒྱལ་སྤྱི་ཅན་དུ་གྱུར་པ་མ་ཟད། མ་དངུལ་ཡང་སྔར་བས་སྤྱོད་བདེ་རུ་ཕྱིན་ཡོད།

    གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་6པར། རང་རྒྱལ་གྱི་སྲིད་གཞུང་གི་བུན་ལོར་གྱིས་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་7683.3ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་5825.2 ཉུང་དུ་ཕྱིན་པ་དང་། ཁེ་ལས་ཀྱི་བུན་ལོར་གྱིས་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་4011.6ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་1589.7འཕར་ཡོད། ཟླ་6པའི་ཟླ་མཇུག་བར། བུན་ལོར་ཁྲོམ་རའི་ཚབ་ཉར་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་205.0ཟིན་ཡོད། ཟླ་6པར། ཚོང་ལས་དངུལ་འགྲུལ་འཛིན་ཤོག་གི་དངུལ་སྤྲོད་འགན་ལེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.0ཟིན་པ་དང་དུས་ཚོད་མ་ཐིམ་པར་སྐྱེད་ཀ་སྤྲོད་ཚད་སྒོར་དུང་ཕྱུར་ཁྲི་3.2ཟིན་ཡོད། ཟླ་6པའི་ཟླ་མཇུག་བར། ཚོང་ལས་དངུལ་འགྲུལ་འཛིན་ཤོག་གི་དངུལ་སྤྲོད་འགན་ལེན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་21.9ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ་དང་། དུས་ཚོད་མ་ཐིམ་པར་སྐྱེད་ཀ་སྤྲོད་པའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་17.3ཟིན་པ་དེ་དུས་མཚུངས་ལས་16.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།