དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་ཚན་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཉིས་པ་ཤིན་ཅང་དུ་ལས་དོན་སྒྲུབ་པར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-29

     ཟླ་7ཚེས་26ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཀྲུང་དབྱང་ཚན་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཉིས་པའི་རུ་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆི་རུ་སྐྱོད་ཅིང་། དེ་ཉིན་ནས་བཟུང་། ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཉིས་པས་ཁ་གཏད་ཤིན་སྐྱོར་གྱི“ལག་རྒྱུག”རྩིས་བླངས་ཏེ་ལོ་གསུམ་རིང་གི་ཤིན་སྐྱོར་ལས་དོན་སྒྲུབ་འགོ་བརྩམས་པ་རེད།

    1997ལོ་ནས་བཟུང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའུ་ཡིས་ལས་བྱེད་ཤེས་ལྡན་པ་ཁྲི་3ལྷག་ཙམ་ཁག་བཅུ་གཉིས་སུ་དབྱེ་ནས་སྒྲིག་འཛུགས་བྱས་ཏེ་ཤིན་ཅང་དུ་མངགས་ནས་ལས་དོན་བསྒྲུབས་ཡོད། རྒྱ་ཆེའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་གཞིགས་ཏེ་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དམ་འཛིན་གྱིས། ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་འགག་སྒྲོལ་དཀའ་སེལ་དང་དངོས་སྒྲུབ་དཀའ་སྤྱད་བྱས་ཏེ་ཁྲིམས་བཞིན་ཤིན་སྐྱོང་དང་། མཐུན་སྒྲིལ་ཤིན་བརྟན། རིག་གནས་ཤིན་འཕེལ། དམངས་ཕྱུག་ཤིན་དར། ཡུན་རིང་ཤིན་སྐྲུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བས་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། ཤིན་སྐྱོར་ལས་བྱེད་ཤེས་ལྡན་པའི་གོ་རྟོགས་དང་ཉམས་བཟང་ཡང་མངོན་ཡོད་པ་རེད།

    ད་ལོ་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཤིན་ཅང་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ལས་བྱེད་ཤེས་ལྡན་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་རེས་སྐོར་གསར་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་འདེམས་རེས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། ཀྲུང་དབྱང་ཚན་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཉིས་པར་ཁྱོན་བསྡོམས་མི་800ལྷག་ཙམ་ཡོད་པ་དེ་དག་ཀྲུང་དབྱང་ཚན་པ་130ལྷག་ཙམ་ནས་ཡོང་བ་དང་སྤྱིའི་ཆ་ནས་ལོ་ན་གཞོན་ཞིང་སེམས་ཤུགས་ཆེ་བ་དང་། ཕྱོགས་བསྡུས་བྱང་ཚད་ཅུང་ལེགས་པ། གྲུབ་ཆ་ལུགས་དང་ཅུང་མཐུན་པ་བཅས་ཡོད་པས་ཤིན་ཅང་གི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཡོད།

    ཟླ་7ཚེས་27ཉིན་ནས་ཟླ་8ཚེས་2ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུས་ཝུའུ་ལུའུ་མུའུ་ཆིར་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཀྲུང་དབྱང་ཚན་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པས་གནས་ཚུལ་གང་མགྱོགས་ཤེས་རྟོགས་དང་སྔ་ཙམ་ལས་གནས་ཐོག་ཞུགས་ཐུབ་པར་རོགས་རམ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་འདེམས་གཏོང་བྱས་པའི་ཤིན་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཉིས་པའི་མི་7400ལྷག་ཙམ་2026ལོའི་ཟླ་5པའི་ཟླ་མཇུག་གོང་ཤིན་ཅང་དུ་ལས་ཀར་བསྐྱོད་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།