ཀྲུང་གོའི་གཟུགས་བརྙན་དྲིལ་བསྒྲགས་དང་འོས་སྦྱོར་ཚོགས་འདུ་པ་པ་ཏོ་སིར་འཚོགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་24ཉིན“དགོས་པ་དུས་སུ་སྨིན་པའི་གྲོགས་པོ། མཉམ་དུ་འགྲོགས་མཁན་གྱི་རོགས་ཟླ”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཀྲུང་གོའི་གཟུགས་བརྙན་དྲིལ་བསྒྲགས་དང་འོས་སྦྱོར་ཚོགས་འདུ་པ་པ་ཏོ་སིའི་རྒྱལ་ས་པུ་རུའེ་ཀྲི་ཐོན་དུ་འཚོགས་པ་རེད།
དྲིལ་བསྒྲགས་དང་འོས་སྦྱོར་ཚོགས་འདུ་དེ་པ་པ་ཏོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་ལ་ཏིང་མེ་གླིང་ལྟེ་གནས་ཡན་ལག་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ཅ་ལེ་པི་རླུང་འཕྲིན་ཀུང་སི་དང་། 《མི་རིགས་ཚགས་པར》 དེང་གི་པ་པ་ཏོ་སིའི་དྲ་བ། སྲིད་གཞུང་གསར་འགྱུར་ཞབས་ཞུའི་དྲ་བ་སོགས་ས་གནས་དེ་གའི་སྨྱན་སྦྱོར་དང་དེ་བཞིན་པ་ཀྲུང་མཛའ་མཐུན་མཐུན་ཚོགས་སོགས་མཛའ་མཐུན་ཚོགས་པའི་འཐུས་མི་བྱེད་སྒོར་ཞུགས་པ་རེད།
པ་པ་ཏོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེང་པིང་ཁའེ་ཡིས་ཤིས་ཚིག་སྒྲོན་སྐབས། སྨྱན་སྦྱོར་མཉམ་ལས་ནི་ཀྲུང་པའི་མཛའ་མཐུན་གྱི་སྦྲེལ་ཟམ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་ཚོགས་འདུས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཛའ་གྲོགས་ཀྱི་གཏམ་རྒྱུད་མཉམ་དུ་བརྒྱུད་བསྒྲགས་བྱེད་པར་རམ་འདེགས་ཐུབ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་པ་པ་ཏོ་སིའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་བདེ་རྩར་གཞི་ཚུགས་ནས་དངོས་སྒྲུབ་མཉམ་ལས་དོན་དུ་གཉེར་ཞིང་། ཞིང་ལས་ལག་རྩལ་མཉམ་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བར། མཉམ་ལས་རྣམ་གྲངས་རེ་རེ་ཡིས་ཀྲུང་པའི་མཛའ་མཐུན་ནི་འབོད་ཚིག་ཙམ་མིན་པར། དམངས་འཚོར་ཕན་འདོགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དོན་འཁྱོལ་བྱེད་རིང་ཀྲུང་གོ་མི་དམངས་ཀྱིས་པ་པ་ཏོ་སིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་འཆང་ལུགས་གང་ལེགས་མཚོན་པར་བྱས་པ་དེ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།