དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ལེ་ཞི་ཡའི་ཧྲ་ལོ་གཡོད་སེ་ཅིང་ཁའི་ཟམ་ཆེན་གྱི་ཟམ་སྣེ་མཐུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-29

    ཉེ་ཆར། ཀྲུང་གོ་མཚོ་ཁུག་ཀུང་སིས་སྐྲུན་འགན་འཁུར་བ་དང་ཀྲུང་གོ་འགྲིམ་འགྲུལ་ཅུས་གཉིས་པས་ལག་ལེན་ཞིབ་ཕྲ་བསྟར་བའི་མ་ལེ་ཞི་ཡའི་ཧྲ་ལོ་གཡོད་སེ་ཅིང་ཁའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་མཐུད་ཐུབ་ཡོད། ཟམ་ཆེན་དེ་ཧྲ་ལོ་གཡོད་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཀུ་ཅིན་དུ་གནས་པ་དང་། རིང་ཚད་ཧྲིལ་པོར་སྨི་1281.2དང་། མཐོ་ཚད་ལ་སྨི་119.06ཡོད་ཅིང་། དེ་ནི་འཛམ་གླིང་ཐོག་གི་ཨར་འདམ་གྱི་ལྡིང་ཟམ་དམིགས་བསལ་ཞིག་རེད། ཟམ་ཆེན་དེར་ད་ལོ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀུ་ཅིན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལམ་དྲ་འཐུས་སྒོ་ཚང་དུ་ཕྱིན་ནས་ཤར་བགྲོད་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།