དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཁེ་ལས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་མོ་ཙམ་པི་ཁེར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-07-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཕུ་ཐོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་24ཉིན། ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཁེ་ལས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་མོ་ཙམ་པི་ཁེའི་རྒྱལ་ས་མོ་ཕུ་ཐོ་རུ་འཚོགས་པ་རེད། ཀྲུང་གོའི་ནང་ས་དང་། ཨའོ་མོན། དེ་བཞིན་མོ་ཙམ་པི་ཁེ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་གཞན་དག་གི་སྲིད་ཕྱོགས་མི་སྣ་350ལྷག་ཙམ་ཚོགས་འདུར་ཞུགས་ནས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད། སྐབས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་མོ་ཙམ་པི་ཁེའི་མ་འཇོག་དང་ཕྱིར་གཏོང་སྐུལ་སྤེལ་ཅུས་དང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོང་འགུགས་མ་འཇོག་སྐུལ་སྤེལ་ཅུས་བཅས་ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།