དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ཁྲེང་ལྕགས་ལམ་སི་ཁྲོན་ལམ་དུམ་གྱི་ཕུག་ལམ་རིང་ཤོས་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-29

    ཉེ་ཆར། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སི་ཁྲོན་དུམ་བུའི་ལམ་ཐིག་ཧྲིལ་པོའི་ཕུག་ལམ་རིང་ཤོས་པའོ་ཙའོ་ཕུག་ལམ་ཏལ་འབིགས་ཐུབ་པ་རེད།

    ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་ལན་ཀྲོའུ(ཟི་ལིང)ཀོང་ཀྲོའུ་བགྲོད་ལམ་གྱི་གྲུབ་ཆ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཟི་ལིང་འབབ་ཚུགས་ནས་འགོ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཅས་བརྒྱུད་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཏུའུ་འབབ་ཚུགས་ཤར་མར་འབྱོར་གྱི་ཡོད།

    པའོ་ཙའོ་ཕུག་ལམ་ནི་རྔ་བ་ཀྲོའུ་སུང་ཕན་རྫོང་དུ་གནས་པ་དང་། ལམ་ཐིག་གཉིས་ཅན་གྱི་ལྕགས་ལམ་གྱི་ཕུག་ལམ་ཞིག་ཡིན་པ་དེར་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་ནི་སྤྱི་ལེ་200ཡིན་པ་དང་། རིང་ཚད་ཧྲིལ་པོར་སྨི་11795དང་། ཆ་སྙོམས་ས་བབ་སྨི་3500 ས་བབ་མཐོ་ཤོས་སུ་སྨི་3700ཙམ་བཅས་ཡོད་པ་རེད། མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་རོང་ཁུལ་དུ་གནས་པ་དང་ཕུག་ལམ་ཧྲིལ་པོའི་དུམ་བུ་98.5%ཚང་མ་རིམ་པ་IVདང་དེ་ཡན་གྱི་བྲག་རྡོ་ཤ་སྟག་ཡིན་པ་རེད།

    མིག་སྔར། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སི་ཁྲོན་དུམ་བུའི་ཕུག་ལམ་14ལས་11བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། ཟམ་པ་62ལས་92.4%ལེགས་གྲུབ་ཟིན་པ། ལམ་གཞིའི་ལས་གྲྭ་85.6%ལེགས་གྲུབ་ཟིན་པ། རྣམ་གྲངས་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་མྱུར་ཚད་55%ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།