མཚོ་སྔོན་མཚོ་ནུབ་ཀྱིས“འདུ་འགོད་ཆེན་པོ་ལྔ”ལག་བསྟར་བྱས་ནས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། “ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཡག་པོ་འཛུགས”ཞེས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཚོ་ནུབ་ཀྲོའུ་ཡིས“འདུ་འགོད་ཆེན་པོ་ལྔ”ལག་བསྟར་བྱས་ནས“མཛེས་སྡུག་ལྡན་པའི་མཚོ་སྔོན། མཚོ་ནུབ་ཀྱི་ཡུལ་ལྗོངས”ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་དེ“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་ཀྲོའུ་དེ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཞིང་ཆེན་ཡོངས་ཀྱི་50%ཡན་ཟིན་པར་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་གནས་ཀྱི་ལྟེ་བའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་རེད།
ས་ཁོངས་ཧྲིལ་པོའི་བཀོད་པ་ལེགས་སུ་གཏོང་བའི་འདུ་འགོད་ཐད། ཝུའུ་ལམ་དང་། ན་གོར་མོ། ཚྭ་འདམ་གཤོངས་ས་བཅས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་བརྟན་དུ་གཏོང་བ་དང་། གཏེར་ལེན་ཁ་དང་། དུར་ལམ། ཐེམ་ཆེན་བཅས་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་ཞན་ཆ་གསབ་ནས་མོང་ཡ་མཚེའུ་ཡི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་གཏོང་རྒྱུ་རེད། ཚྭ་ཁ་ཡིས་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ཚྭ་མཚོ་དཀར་མོ་དང་། ཆུ་ཐོག་བྲག་རྡོ། མར་གད་མཚོ། རི་ནག་སོགས་ལྟེ་བའི་ཐོན་ཁུངས་དང་འབྲེལ་མཐུད་བྱས་ནས“མགྱོགས་དལ་ཡུལ་སྐོར”གྱི་སྤུས་རྟགས་སྐོར་ལམ་བཏོད་དེ“ལམ་རྒྱུད་ཀྱི་གནས”ནས“ཡུལ་སྐོར་གྱི་དམིགས་སའི་གནས་སུ”འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་འདུ་འགོད་ཐད། “ཚྭ་འདམ་གཤོངས་ས་ཨང་དང་པོ”དང“ཁུ་ནུ་རི་བོ་ཨང་དང་པོའི”འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཛུགས་སྐྲུན་ལ་བརྟེན་ནས་གཙོ་གནད་རིག་གནས་ཡུལ་སྐོར་རྣམ་གྲངས་90ལྷག་ཙམ་ལག་བསྟར་བྱ་རྒྱུ་དང་། མཛེས་ལྗོངས་ཁུལ་རིམ་པས་བསྐྲུན་ཏེ་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་དང་། ཡུལ་སྐོར་ལྟེ་གནས། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། “《བླ་ཤིང》མཉམ་དུ་མཚོ་ནུབ་ཏུ་ཡུལ་སྐོར་བྱེད”ཅེས་པ་དང“ཁུ་ནུར་ཡུལ་སྐོར་བྱེད”ཅེས་པ་སོགས་ཀྲོའུ་ནང་ཁུལ་གྱི་རྩེར་སོན་ལམ་ཐིག་གཏོད་རྒྱུ་མ་ཟད། མཛེས་ལྗོངས་ཁུལ་གྱི“གཱ་གཅིག་ཀུན་འཐུས”ཀྱི་གཉེར་སྐྱོང་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།
རིག་གནས་ཡུལ་སྐོར་གྱི་ལས་རྣམ་སྐྱེད་སྲིང་འདུ་འགོད་ཐད། “མེས་པོའི་འབྱུང་ཁུངས་འཚོལ་བ”དང་། “ཚྭའི་འབྱུང་རབས” “ས་གཤིས་འཚོལ་ཞིབ”སོགས“ཡུལ་སྐོར་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན”རྣམ་གྲངས་གསར་སྤེལ་བྱ་རྒྱུ་དང་སྐར་ཚོགས་ཀྱི་བར་སྣང་འཚོལ་ཞིབ་དང་། སྐྱེ་ཁམས་ཞིབ་འཇུག་རིག་པ། གློག་བརྙན་བརྙན་འཕྲིན་ཉམས་ལེན་བཅས་ཀྱི་ཁྱད་ལྡན་IPབཟོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།