ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་གིས།
འབྲོག་པའི་སྒོ་རྩར་སྤུས་ལེགས་སྨན་བཅོས་ཞབས་འདེགས་ཞུས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དམངས་འཚོའི་ཞབས་ཞུར་སྣེ་ཁྲིད་དང་། གྲོང་སྡོད་ལས་དོན་རུ་ཁག་གི་ལེགས་ཆར་གཞི་ཚུགས་ཏེ། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་སོགས་དང་མཉམ་འབྲེལ་གྱིས་ཁོངས་གཏོཌ་ཁུལ་དུ་སྤྱི་ཕན་བདེ་ཐང་རོགས་སྐྱོར་གྱི་འོས་འགན་སྨན་བཅོས་དང་བྱིས་པའི་སེམས་ཁམས་གཅེས་སྐྱོང་གི་ཆེད་དོན་བྱེད་སྒོ་སྤེལ་ནས། ཞིང་འབྲོག་མང་ཚོགས“ཕྱུགས་ལས་ཐོན་སྐྱེད་ལ་བྲེལ་ནས་བདེ་ཐང་སྨན་བཅོས་བྱེད་ཁོམ་མེད་པའི”དཀའ་གནད་གནད་སྨིན་བསལ་ནས། སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཞིང་འབྲོག་མང་ཚོགས་ཀྱི་སྒོ་རྩར་བསྐྱལ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། སྨན་ཁང་ཆེ་གྲས་ཁག་ནས་ཡོང་བའི་རིགས་གཅིག་མཁས་ཅན་ཚོགས་པས་དམངས་ཕན་ནད་བརྟག་སྨན་བཅོས་ཞབས་ཞུ་ལས་སྟེགས་བཙུགས་ཏེ། ཕྱོགས་ཡོངས་ལ་ཁྱབ་པ་དང་ཞིབ་ཚགས་ཅན་གྱི་རིན་མེད་སྨན་བཅོས་བརྟག་དཔྱད་ཞབས་འདེགས་ཞུས་པ་དང་། ཞབས་ཞུའི་རྣམ་གྲངས་ཁོངས་སུ་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་དང་། ཁྲག་བརྟག་དཔྱད། རྒྱུ་ལམ་སྲིན་ཕུང་བརྟག་དཔྱད། རུས་པའི་སྲ་ཚད། སྙིང་གི་ཚོན་པར་སོགས་རྨང་གཞི་དང་ཆེད་དམིགས་བརྟག་དཔྱད་ཁག་མང་པོ་ཚུད་ཡོད་པ་རེད།
ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོས་རིམ་རྩིས་བརྒྱབ་ན་སློབ་མ་185དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་400ལ་འོས་འགན་སྨན་བཅོས་དང་བདེ་ཐང་ཞབས་འདེགས་ཞུས་ཤིང་། ཞིང་འབྲོག་མང་ཚོགས་ལ་ཁྱོན་སྒོར་ཁྲི་3རི་བའི་སྨན་རྫས་སྣ་ཁ་30ལྷག་རིན་པ་མེད་པར་སྤྲད་དེ། གཞི་རིམ་མང་ཚོགས་ཀྱིས་སྒོ་རྩ་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་ཐུབ་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།