དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    འདི་ནི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ། (མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)

     ཉེ་ཆར། མངའ་རིས་ས་ཁུལ་གྱིས་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་འཁོར་ཆགས་གྲོང་ཚོར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མངའ་རིས་ས་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མིས་གཞི་རིམ་གྱི་བུད་མེད་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དང་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་དམ་པོར་གཞིགས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་གཏམ་རྒྱུད་ཆུང་ངུ་དྲངས་ནས་གནས་ལུགས་ཆེན་པོ་བརྗོད་པ། སྲིད་ཇུས་ཁྲིམས་སྲོལ་རྒྱུན་གཏན་གྱི་སྐད་ཆའི་ཐོག་ནས་བརྗོད་པ་བཅས་བྱས་ཏེ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།