མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་ལྔ་པ་མཇུག་འགྲིལ་བ།

མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་དེ་ནི་2002ལོར་སྤེལ་འགོ་བཙུགས་པ་དང་། དེ་ནི་རྒྱལ་ནང་གི་སྔ་ཤོས་དང་ཨེ་ཤེ་ཡའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་ས་མཐོའི་ཆེད་ལས་གཞུང་ལམ་རྐང་འཁོར་འགྲན་བསྡུར་ཞིག་རེད་ལ། གོ་ལ་ཧྲིལ་པོའི་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་རྐང་འཁོར་གྱི་ཉིན་མང་པོའི་ཚད་རྒྱུག་འགྲན་བསྡུར་ཞིག་ཀྱང་རེད། 2025ལོར“མཚོ་སྐོར་འགྲན་བསྡུར”དེ“མཚོ་སྔོན་སྐོར་བའི་འགྲན་བསྡུར”ལ་མིང་བསྒྱུར་བ་རེད། ཡིག་འབྲུ་གཅིག་གི་འགྱུར་ལྡོག་ལས་མཚོ་སྔོན་པོ་ཁོ་ན་སྐོར་བ་ལས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་བཞི་སྐོར་བའི་བར་རྒྱ་བསྐྱེད་ནས་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། སྤུས་རྟགས་ཅན་བཅས་ཀྱི་འགྲན་བསྡུར་ལ་རིམ་བཞིན་གྱུར་ཏེ་དམངས་ཡོངས་ལུས་སྦྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་མ་ཐེབས་ཡོད། འདི་ནི་ཟླ་7ཚེས་18ཉིན། འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།