ས་སྐྱང་རྫོང་གིས།
“གཤམ་སྤེལ་གསུམ”དམ་འཛིན་བྱ་གཞིར་བྱས་ནས་ཤེས་དཔལ་ལག་ལེན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་གིས་རྫོང་ཨུད་ཀྱི་སྤྱི་འདོམས་གཙོ་ཁྲིད་དང་། རྫོང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་ལག་བསྟར། སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་བཅས་མཐའ་འཁྱོངས་བྱས་ཐོག རྫོང་ཁོངས་ཀྱི་གྲོང་ལྷན་ཚང་མ་སྒྲོག་འགྲེལ་བྱ་ཡུལ་དུ་བྱས་པ་དང་། མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ་ལོ་ཧྲིལ་པོར་རྒྱུན་རྣམ་ཅན་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་པའི་སྒོ་ནས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ཏེ། གཞི་རིམ་ལ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། དམངས་ལ་ཞབས་འདེགས་ཞུ་བ། དང་བླངས་ཞབས་ཞུ་སྒྲུབ་པ། རིག་གནས་དང་འཚོ་བར་ལྟ་རྟོག་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་བརྒྱུད་སྤེལ་བྱེད་པའི“མཐའ་མའི་འགག་གནད”བསལ་བས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་རྩ་བ་རྒྱས་ནས་དམངས་སེམས་ལ་དྲོད་ཁོལ་སྦྱིན་ཡོད།
དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཁོངས་མིའི་ཚན་པ་ཁག་གིས་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་དང་། ལས་ཞུགས། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ལ་དམིཌ་ནས་སྲིད་ཇུས་གསལ་འགྲེལ་དང་། དཔྱད་ཡིག་སྤྲོད་པ། བདེ་ཐང་འོས་འགན་སྨན་བཅོས། ས་གནས་ས་ཐོག་གི་དོགས་འདྲིར་ལན་འདེབས་པ། བཅའ་ཁྲིམས་ཀྱི་རོགས་སྐྱོར་སོགས་ཀྱི་ཞབས་འདེགས་ཞུས་ཏེ་དམངས་ཕན་སྲིད་ཇུས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་ཡོད། ས་སྐྱ་རྫོང་སྒྱུ་རྩལ་ཚོགས་པས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིག་རྩལ་བརྩམས་ཆོས་མུ་མཐུད་གསར་རྩོམ་བྱས་ཏེ་ཆ་སྙོམས་ལོ་རེར་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་གཏོང་བ་དང་གསོན་ཉམས་དོད་པའི་ལེ་ཚན་10ལྷག་ཙམ་བཏོན་པ་དག་གླུ་གར་དང་། དགོད་བྲོའི་གཏམ་གླེང་། འཁྲབ་ཚན་ཐུང་ངུ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་ཏེ་དུས་རབས་གསར་པའི་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད། ད་ལོར་བྱེད་སྒོ་ཐེངས་27སྤེལ་བར་མང་ཚོགས་ཁྲི་2.58ལྷག་ཙམ་ཞུགས་ཡོད།
འབྲེལ་ཡོད་གསར་འགྱུར།